གསར་འགྱུར་ཡིག་ཚགས།
2025-03-04
རྒྱ་ནག་གི་ཚོགས་ཆེན་གཉིས་འགོ་ཚུགས་པ་དང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཚེས་ལ་ཉེ་བའི་དུས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་འདྲ་མིན་ནང་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་འདུག
2025-03-04
ཨ་མི་རི་ཀས་རྒྱ་ནག་དང་ཕན་ཚུན་གནའ་བོའི་རིག་དངོས་ཕྱིར་སློག་བྱ་རྒྱུའི་གྲོས་མཐུན་བཞག་པར་བརྟེན་ནས་སླར་ཡང་ཨ་རིས་རྒྱ་ནག་ལ་བོད་ཀྱི་རིག་དངོས་ཚུད་པའི་གནའ་བོའི་རིག་དངོས་གྲངས་ ༤༡ རྒྱ་ནག་ལ་ཕྱིར་སྤྲོད་བྱས་པར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
2025-03-04
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཞིས་ཁུངས་གཉིས་དང་ཧོན་སུར་བཅས་སུ་ཉིན་གྲངས་ ༢༠ ་རིང་འཚམས་གཟིགས་འགྲུབ་སྟེ་བཞུགས་སྒར་དུ་ཕེབས་ཐོན་གནང་ཡོད་པ་རེད།
2025-03-04
ཨ་མི་རི་ཀས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་བར་རྒྱ་ནག་གཞུང་གིས་ཡ་ལན་སློག་སྟེ་ཨ་རིའི་བཟོ་ཚོང་ཁང་ཁག་ཅིག་ལ་སྒོ་ཁྲལ་སྤར་བ་དང་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་ཡིན་འདུག
2025-03-04
ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ནང་པ་རང་ལ་རྩིས་སྤྲོད་དགོས་པའི་ཞི་རྒོལ་གནང་བཞིན་པར་རྒྱབ་སྐྱོར་མཚོན་ཆེད་ལ་དྭགས་སུ་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཉིན་གྲངས་གཅིག་རིང་ཟས་བཅད་ངོ་རྒོལ་གནང་སོང་།
2025-03-04
ཨ་མི་རི་ཀའི་གཞུང་འཛིན་གསར་པའི་ངོས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་འབྲེལ་མོལ་བསྐྱར་གསོ་གནང་དགོས་པའི་སྐུལ་མ་དང་། ཨ་མི་རི་ཀའི་གཞུང་གིས་སྔར་མུས་བཞིན་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་འགྱུར་བ་མེད་སྐོར་བསྐྱར་ནན་གྱིས་གསུངས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བཙན་བྱོལ་ནང་གི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་ཁག་ནས་དགའ་བསུའི་ཐུགས་རྗེ་ཆེ་ཞུས་པ་ཆབས་ཅིག་ཏུ་འབྱུང་འགྱུར་མུ་འཐུད་ནས་རྒྱབ་སྐྱོར་གནང་བའི་རེ་བ་གནང་བཞིན་འདུག
2025-03-03
དིང་རིའི་ས་ཡོམ་ཁྲོད་སྡོད་ཁང་མེད་པར་གྱུར་པའི་མི་གྲངས་ ༡༢༠༠༠༠ ཆེད་རྒྱ་ནག་གཞུང་གིས་སྡོད་ཁང་གསར་རྒྱག་འགོ་འཛུགས་ཀྱི་མཛད་སྒོ་ཞིག་ཕྱི་ཟླ་ ༣ ཚེས་ ༣ ཉིན་ཚོགས་ཀྱང་། བོད་བཟོ་ཅན་དང་ཁང་པའི་སྤུས་ཚད་ཚད་ལྡན་བཟོ་མིན་དྭོགས་གནད་ཡིན་པ་དང་། ཡུལ་ཤུལ་གྱི་ས་ཡོམ་ཁྲོད་ངལ་སེལ་རོགས་སྐྱོར་བྱས་སྐབས་ལྐོག་ཟའི་གནས་ཚུལ་བྱུང་པ་འདི་འདྲ་མི་ཡོང་བ་དགོས་གལ་སྐོར་ཉམས་ཞིབ་པས་གསུངས་པ།
2025-03-03
གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ནང་པར་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་ཏེ་ནང་པ་སེར་སྐྱ་ཁག་ཅིག་གིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་འདུག
2025-03-03
རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བ་དང་རྒྱ་ནག་ནང་དམ་དྲག་བྱེད་བཞིན་ཡོད་འདུག
2025-03-03
རྒྱ་ནག་ནང་ནས་ངོ་དེབ་ཁ་བྱང་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཀྲུག་ཤིང་དང་། ༸གོང་ས་མཆོག་ལ་མཚན་སྨད་ཀྱི་རིགས་སོགས་སྤེལ་བཞིན་པ་ངོ་དེབ་འཛིན་སྐྱོང་བ་མེ་ཊ་ (Meta) འཕྲུལ་ལས་བཟོ་ཚོང་ཁག་གི་སྙན་ཐོའི་ནང་ཐེར་འདོན་བྱས་འདུག
2025-03-03
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བསྒྲུབ་རྒྱུ་དང་བོད་མི་ནང་ཁུལ་མཐུན་སྒྲིལ་གྱིས་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོངས་རྒྱུར་འབད་བརྩོན་དགོས་སྐོར་སྐྱབས་རྗེ་དགའ་ཁྲི་རིན་པོ་ཆེ་མཆོག་ནས་གང་ཉིད་ལ་སྨར་ཁམས་གཞིས་བྱེས་བོད་མི་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བཀའ་སློབ་གནང་སོང་།
2025-03-03
ཕྱི་ཟླ་ ༣ ཚེས་ ༣ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་མཇལ་ཁ་ཐོག་མར་དེ་རྣམ་རྒྱལ་གྲྭ་ཚང་གི་དགེ་ལས་སློབ་ཕྲུག་དང་གྲྭ་ཟུར་༢༠༠ ཙམ་དང་། གཞན་ཡང་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ཁྱོན་ ༣༠༠ ལྷག་ལ་མཇལ་ཁ་རྩལ་གནང་ཡོད་པ་མ་ཟད། གཞན་ཡང་དེ་རིང་མགོན་པོ་མཆོག་ལ་ད་ན་བུ་སི་གཙུག་ལག་སློབ་གཉེར་ཁང་གིས་མངོན་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་འདུག
2025-03-01
ཕྱི་ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་སྟོད་དིང་རི་མངའ་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་ཕོག་ཏེ་མི་རྒྱུ་ཟོག་གསུམ་ལ་དོ་ཕོག་ཐེབས་རྗེས་རྒྱ་ནག་གཞུང་གིས་རི་བོ་ཇོ་མོ་གླང་མའིསྟེང་རི་འཛེགས་རྒྱུར་བཀག་འགོག་བྱས་ཡོད་ཀྱང་ཁ་ས་ཕྱི་ཟླ་ ༣ ཚེས་ ༡ ཉིན་བོད་ཀྱི་ཕྱོགས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་སྟེང་རི་འཛེགས་རྒྱུར་སླར་ཡང་སྒོ་ཕྱེ་ཡོད་འདུག
2025-03-01
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སྦེལ་ཀོབ་གཞིས་ཆགས་ཀྱི་ལོ་གསར་འདུ་འཛོམས་སུ་ཕེབས་ཞུགས་ཀྱིས་གསུང་བཤད་གནང་སོང་།