གསར་འགྱུར་ཡིག་ཚགས།
2022-09-05
བོད་མིའི་ལུས་ཀྱི་ཁྲག་བཙག་ནས་དངོས་སུ་བོད་མིའི་ཐོག་དམ་དྲག་དང་དྲག་གནོན་བྱ་རྒྱུའི་ནུས་པ་ཆེ་རུ་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་འདུག
2022-09-05
ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁམས་པ་དྲ་རྒྱ་ཟེར་བའི་གནས་ཚུལ་ནང་མི་སྣ་༧ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་ཡོད་པ་བཀོད་འདུག་ལ། ས་ཡོམ་རྐྱེན་གྱིས་རི་ཉིལ་བ་དང་། ཁང་པ་བརྡིབས་པ། ལམ་ཆད་པ། མི་སྣ་ལ་རྨས་སྐྱོན་བྱུང་བ་སོགས་བྱུང་ཡོད་འདུག
2022-09-05
ཐེངས་འདིར་ཁོང་གི་བཙོན་འཇུག་དུས་ཡུན་ལོ་གཉིས་ཀྱིས་ཚང་མེད་ན་ཡང་ཁྲིམས་ཁང་ནས་ཆག་ཡང་གིས་ཀློད་གྲོལ་བཏང་ཡོད་པ།
2022-09-03
ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jon Ossoff མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་འདུག
2022-09-03
༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་ནས་ཨ་རིའི་ནིའུ་ཡོག་མི་མང་ལ་ནང་ཆོས་ངོ་སྤྲོད་སྐབས་གཙོ་བོ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལ་བསྒྱུར་བཅོས་གཏོང་ཐུབ་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་གསུངས་འདུག
2022-09-02
སྲིད་སྐྱོང་མཆོག་གིས་ཉིས་སྟོང་ཐམ་པའི་མཁས་བའི་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་བ་དང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་ཐོག་དམིགས་བསལ་སྐུ་ཚབ་བསྐོ་དགོས་བ་རེ་སྐུལ་གནང་འདུག
2022-09-02
བཞུགས་སྒར་རྡ་རམ་སཱ་ལར་བོད་མི་སྒྲིག་འཛུགས་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཚོས་བཙན་བྱོལ་བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་༦༢པ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་གནང་བཞིན་པ་རེད།
2022-09-02
འདི་ཚེས་༢ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༠འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༡༧༧༠ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག
2022-09-02
ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་མང་པོའི་རང་ལུས་མེར་སྲེག་གཏོང་སའི་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ཞེས་པ་རུ། དེ་སྔ་བོད་མི་ཚོས་སྲང་ལམ་དུ་ཐང་ཁྲོམ་ཚོང་གཉེར་བྱེད་མཁན་རིགས་མེད་པ་བཟོས་ཏེ། ས་གནས་དེའི་ར་སྐོར་ཞིག་ཏུ་དྲག་ཆས་དམག་མི་མང་པོ་སྦས་སྐུང་གིས་སྲང་ལམ་དེར་སོ་སྲུང་དང་། བོད་མི་ཚོས་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་གིས་ལོ་ངོ་མང་པོ་འགྲོ་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང།
2022-09-01
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་སྙན་ཐོ་བཏོན་ནས་རྒྱ་ནག་གཞུང་གིས་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་གསལ་འདོན་བྱས་འདུག
2022-09-01
འདི་ཚེས་༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༢༣༣འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཁྲི་གཅིག་དང་གཅིག་སྟོང་བརྒལ་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག
2022-09-01
མགོན་པོ་དོན་འགྲུབ་ལགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐྱར་བདམས་བྱུང་ཡོད་པ་དང་༧གོང་ས་མཆོག་གིས་གཞོན་ནུའི་ཚོགས་ཆེན་ལ་བཅར་མཁན་ཡོངས་ལ་མཇལ་ཁ་བསྩལ་འདུག
2022-09-01
འདི་ལོའི་ཕྱི་ཟླ་༥ཟླ་མཇུག་ཙམ་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་གྱི་ཉེས་མིང་འོག་དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས་སུ་ལོ་༣དང་ཟླ་༦་དང་། གཞན་དགེ་འདུན་པ་རིག་ཚེ་ལགས་སུ་ལོ་༣་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ།