བོད་མི་པདྨ་དོན་གྲུབ་ལགས་བཙོན་འཇུག་དུས་ཡུན་མ་ཚང་གོང་ཀློད་གྲོལ་བཏང་ཡོད་འདུག

2022.09.05
བོད་མི་པདྨ་དོན་གྲུབ་ལགས་བཙོན་འཇུག་དུས་ཡུན་མ་ཚང་གོང་ཀློད་གྲོལ་བཏང་ཡོད་འདུག རྗེས་སུ་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༡ནང་བླ་བྲང་བསང་ཆུ་རྫོང་ཁྲིམས་ཁང་གིས་བོད་མི་དེ་དག་ལས་པདྨ་དོན་གྲུབ་ལགས་སུ་ལོ་༡༢དང་། སྐལ་བཟང་རྒྱ་མཚོར་ལོ་༡༡། པདྨ་འཚོ་ལ་ལོ་༨། ལྷ་མོ་དོན་གྲུབ་ལ་ལོ༧། ད་དུང་དཀྲོག་གཏམ་འུར་སྒྲོག་གིས་སྤྱི་བའི་འགྲུལ་སྐྱོད་ལ་བར་ཆད་བཟོས་པའི་ཉེས་མིང་འོག་གདུག་དཀར་སྐྱབས་ལ་ལོ་༤་དང་། གཡང་མོ་སྐྱིད་ལ་ལོ་༣་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
Xinhua news agency

ཕྱི་ཟླ་༨ཚེས་༣༡ཉིན་རྒྱ་ནག་གཞུང་གིས་ལོ་ངོ་༡༢ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ། བླ་བྲང་བསང་ཆུ་རྫོང་ནས་ཡིན་པ་བོད་མི་པདྨ་དོན་གྲུབ་ལགས་ཀྱི་བཙོན་འཇུག་དུས་ཡུན་མ་ཚང་གོང་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་ལ་དེ་སྔ་བོད་མི་རྡོ་རྗེ་རིན་ཆེན་གྱིས་རང་ལུས་མེར་བསྲེགས་བཏང་སྐབས་སྐུ་ཕུང་ལ་བདག་པོ་བརྒྱབ་རྐྱེན། མི་བསད་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་ཡིན་པ་དང་།ཁོང་ཕྱིར་ནང་དུ་འབྱོར་སྐབས་ནང་མི་ཁྱིམ་མཚེས་ཚོས་དགའ་བསུའི་སྣེ་ལེན་སོགས་བྱས་ཡོད་ཀྱང་། སྤྱི་ཡོངས་ནས་ཁོང་གི་འགྲོ་འདུག་རང་དབང་ཐད་མུ་མཐུད་དམ་དྲག་དང་ལྟ་རྟོགས་བྱེད་བཞིན་ཡོད་པ་དང་། ཐེངས་འདིར་ཁོང་གི་བཙོན་འཇུག་དུས་ཡུན་ལོ་གཉིས་ཀྱིས་ཚང་མེད་ན་ཡང་ཁྲིམས་ཁང་ནས་ཆག་ཡང་གིས་ཀློད་གྲོལ་བཏང་ཡོད་པ། བཙན་བྱོལ་ནང་གནས་སྡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ།ད་ལྟའི་ཆར་ཀློད་གྲོལ་བཏང་ཡོད་པ་དངོས་བདེན་ཡིན་པ་ལས། གཞན་ཁོང་གི་སྐུ་གཟུགས་འཕྲོད་བསྟེན་གནས་སྟངས་སོགས་ཀྱི་ཐད་གསལ་ཁ་གང་ཡང་མེད་པ་དང་། ཕར་བལྟས་ཚོད་ལ་དམིགས་བསལ་སྐྱོན་ཆེན་པོ་མེད་པ་ལྟ་བུ་ངོ་གདོང་དང་ཤ་མདོག་གི་གནས་སྟངས་སྡུག་པོ་མིན་པ་ཞིག་མཐོང་གི་ཡོད་པ་དང། ཁོ་དང་མཉམ་དུ་དེ་སྔ་བསམ་བཞིན་མི་བསད་པའི་ཉེས་མིང་འོག་བོད་མི་༦འཛིན་བཟུང་གིས་དུས་ཡུན་མི་འདྲ་བའི་ཁྲིམས་ཐག་བཅད་པ་ཁག་ཀྱང་རིམ་པ་བཞིན་ཀློད་ཡོད་ཀྱང་། ཁོ་ཚོར་ད་དུང་དམ་དྲག་ལྟ་རྟོག་ཤུགས་ཆེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་༡༠པའི་ཚེས་༢༣ཉིན་བོད་མི་རྡོ་རྗེ་རིན་ཆེན་གྱིས་བླ་བྲང་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་བསྲེག་བཏང་བའི་རྗེས་སུ། རྒྱ་ནག་ཉེན་རྟོག་པས་བསམ་བཞིན་མི་བསད་པའི་ཉེས་མིང་འོག་བོད་མི་དྲུག་འཛིན་བཟུང་བཙན་ཁྲིད་བྱས་ཏེ། རྗེས་སུ་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༡ནང་བླ་བྲང་བསང་ཆུ་རྫོང་ཁྲིམས་ཁང་གིས་བོད་མི་དེ་དག་ལས་པདྨ་དོན་གྲུབ་ལགས་སུ་ལོ་༡༢དང་། སྐལ་བཟང་རྒྱ་མཚོར་ལོ་༡༡། པདྨ་འཚོ་ལ་ལོ་༨། ལྷ་མོ་དོན་གྲུབ་ལ་ལོ༧། ད་དུང་དཀྲོག་གཏམ་འུར་སྒྲོག་གིས་སྤྱི་བའི་འགྲུལ་སྐྱོད་ལ་བར་ཆད་བཟོས་པའི་ཉེས་མིང་འོག་གདུག་དཀར་སྐྱབས་ལ་ལོ་༤་དང་། གཡང་མོ་སྐྱིད་ལ་ལོ་༣་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བར། རྒྱ་ནག་གཞུང་གིས་ཤུལ་ལུས་ནང་མི་དང་འབྲེལ་ཡོད་ཚོར་བསམ་བཞིན་མི་བསད་པའི་ནག་ཉེས་སོགས་བཙུགས་ནས་འཛིན་བཟུང་དང་། ཁྲིམས་ཆད་ནན་མོ་གཅོད་པ་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༦ལོར་རྨ་ཆུ་རྫོང་ཐོག་ནས་བོད་མི་བཀྲ་ཤིས་རབ་བརྟན་གྱིས་རང་ལུས་མེར་སྲེག་བཏང་རྗེས། རྒྱ་གཞུང་གིས་ཁོང་གི་ནང་མི་གཉེན་འབྲེལ་ཁག་ཅིག་འཛིན་བཟུང་གིས་བསམ་བཞིན་མི་བསད་པའི་ཉེས་འཛུགས་དང་། གཞན་ཡང་ཕྱི་ལོ་༢༠༡༤ལོར་ཀླུ་ཆུ་རྫོང་ནས་བོད་མི་ཚེ་རིང་རྣམ་རྒྱལ་ལགས་ནས་རང་ལུས་མེར་སྲེག་སྐབས། བོད་མི་གསུམ་ལ་ཁོང་གི་མེར་སྲེག་དང་འབྲེལ་བ་ཡོད་སྐོར་བརྗོད་འཛིན་བཟུང་བཙོན་འཇུག་སོགས་བྱས་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎