གསར་འགྱུར་ཡིག་ཚགས།
2024-11-19
རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་གློད་གྲོལ་ཐོབ་ཡོད་པ་ཙམ་ལས་དམ་དྲག་དང་ཞིབ་བཤེར་འོག་ཏུ་ཡོད་སྟབས། ཁོང་གི་འཕྲོད་བསྟེན་གནས་བབ་གཙོའི་ཞིབ་ཕྲའི་གནས་སྟངས་སོགས་ཤེས་རྟོགས་དང་གསལ་བཤད་བྱེད་ཐབས་མི་བདེ་བ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2024-11-19
གཏོང་ལེན་དགེ་རྩ་ཚོགས་པས་རྒྱ་གར་དབུལ་ཕོངས་ཉམ་ཐག་ཁྲི་གཉིས་ལྷག་ལ་རོགས་རམ་དང་མཐུན་རྐྱེན་སྦྱར་པ་ནི།བོད་མི་ཚོས་རྒྱ་གར་ལ་བཀའ་དྲིན་རྗེས་དྲན་ཆེད་ཡིན་པ་གཏོང་ལེན་དགེ་རྩའི་འགན་འཛིན་དགེ་སློང་བློ་བཟང་འཇམ་དབྱངས་ལགས་ནས་འགྲེལ་བརྗོད་གནང་གི་འདུག
2024-11-19
བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་ལུག་སཾ་བྷོག་རྒྱལ་ཁབ་ཏུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
2024-11-19
འབུམ་ལ་ས་མཚམས་ནི་ལོ་རྒྱུས་ཐོག་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་སྐོར་ཁུལ་དེར་གནས་སྡོད་མཐའ་སྲུང་དམག་མི་རྣམས་ནས་གོ་རྟོགས་སྤེལ་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་རེད་ཅེས། ཕྱོགས་ཕེབས་སྤྱི་འཐུས་རྣམས་ནས་གསུངས་པ།
2024-11-19
༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཐུབ་པ་དེས།བོད་གཞུང་ཤུལ་མེད་དུ་མ་སོང་བར་བོད་མིའི་སྒྲིག་འཛུགས་འདི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པའི་གལ་གནད་ཆེན་པོ་ཆགས་ཡོད་པར། ལོ་རྒྱུས་སྨྲ་བ་ཚོས་ངོས་འཛིན་གནང་གི་འདུག
2024-11-18
བོད་རྒྱལ་ཁབ་ཀྱི་རྩ་དོན་ཆེད་ཚན་རིག་འཕྲུལ་ལས་ཀྱི་ཆེད་ལས་པ་གསོ་སྐྱོང་ཡོང་བར་ཚན་རིག་གཙོ་བོར་དམིགས་པའི་ཟབ་སྦྱོང་གནང་རྒྱུ་གལ་ཆེན་པོ་ཡིན་པ་ཨ་རིའི་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་མཁའ་དབྱིངས་འཕྲུལ་ལས་འཆར་འགོད་པ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་གསུངས་བྱུང་།
2024-11-18
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་དབྱིན་ཇིའི་གྲོས་ཚོགས་ལ་རྒྱུས་ལོན་གནང་རྒྱུ་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
2024-11-18
དབྱིན་ཡུལ་གྱི་སྲིད་བློན་ Keir Starmer དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དབར་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་དང་། རྒྱལ་ཁབ་གཉིས་དབར་རྒྱལ་སྤྱིའི་བརྟན་ལྷིང་དང་གནམ་གཤིས་འགྱུ་ལྡོག ཚོང་འབྲེལ་སོགས་གང་གི་ཐད་ནས་འབྲེལ་བ་མདུན་སྐྱོད་གཏོང་རྒྱུའི་བཀའ་མོལ་བྱུང་འདུག
2024-11-18
ཤར་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན་རྒྱ་ནག་གཞུང་གིས་ཡུ་རོབ་ནང་སྐུ་ཚབ་ཚོགས་ཆུང་ཟེར་བ་བཏང་སྟེ་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་འདུག
2024-11-18
ཞི་ཅིན་པིང་གིས་ཨ་རིའི་སྲིད་འཛིན་གསར་པ་ཊམཔ་གྱི་གཞུང་འཛིན་མཉམ་འབྲེལ་བ་མུ་མཐུད་ནས་ཡག་པོ་བྱེད་རྒྱུའི་ཆོད་སེམས་གཏན་པོ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
2024-11-18
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕ་རན་སི་ནང་འཚམས་གཟིགས་སྐབས། བོད་མི་ཚོས་ལངས་ཕྱོགས་དང་ལྟ་བ་གང་ཡིན་ལ་མ་ལྟོས་པར། རྒྱ་ནག་གི་ཕྱོགས་སུ་ཁ་གཏད་ནས་བོད་ལ་རང་བཙན་གྱི་མངའ་དབང་ལྡན་ཡོད་པ་འདི་ལོ་རྒྱུས་ཀྱི་ཐོག་ནས་གསལ་བཤད་ར་སྤྲོད་བྱ་རྒྱུ་གལ་ཆེ་ཡིན་པ་ནན་བརྗོད་གནང་བ།
2024-11-16
ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལཌི་ཊམཔ་ལ་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་བྱུང་སྟེ་ཨ་རིའི་སྲིད་འཛིན་ ༤༧ འདེམས་ཐོན་བྱུང་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་མང་པོས་ཨ་རིའི་ཕྱི་འབྲེལ་གྱི་སྲིད་བྱུས་ལ་འགྱུར་འགྲོས་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་པ།
2024-11-16
སྙན་ངག་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ཉེ་ཆར་རང་གི་ཨ་མ་དྲན་གསོ་ཞུ་ཆེད་སྙན་རྩོམ་གི་དེབ་ཞག་བཞི་བཅུ་ཞེ་དགུ་ཞེས་པ་དེ་དབུ་འབྱེད་གནང་ཡོད་པ་རེད།
2024-11-16
སྙིང་ཁམས་དང་ཁྲག་རྩའི་ནད་ཀྱི་བྱུང་རྐྱེན་དང་། ཁྲག་རྩའི་ནད་དང་འབྲེལ་བའི་བརྟག་དཔྱད་དང་སྔོན་འགོག་བྱ་ཐབས་སྐོར།