སྲིད་སྐྱོང་མཆོག་གིས་བོད་མི་ཚོར་ལངས་ཕྱོགས་དང་ལྟ་བ་གང་ཡིན་ལ་མ་ལྟོས་པར་རྡོག་རྩ་ཆིག་སྒྲིལ་བྱ་དགོས་གལ་ཆེ་བ་ཡིན་ཞེས་ཕ་རན་སིའི་ནང་གསུངས་འདུག

2024.11.18
སྲིད་སྐྱོང་མཆོག་གིས་བོད་མི་ཚོར་ལངས་ཕྱོགས་དང་ལྟ་བ་གང་ཡིན་ལ་མ་ལྟོས་པར་རྡོག་རྩ་ཆིག་སྒྲིལ་བྱ་དགོས་གལ་ཆེ་བ་ཡིན་ཞེས་ཕ་རན་སིའི་ནང་གསུངས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་པེ་རིསི་ནང་བོད་མི་ཚོར་གསུང་བཤད་སྐབས། ༢༠༢༤།༡༡།༡༧ ཉིན།
Tibet Tenzin

སྲིད་སྐྱོང་མཆོག་གིས་ཕ་རན་སི་ནང་གི་བོད་མི་ཚོར་བཀའ་ཤག་གི་གསུང་བཤད་གནང་སྐབས། བོད་མི་ཚོའི་རང་གི་འདོད་ཚུལ་རང་བཙན་དང་དབུ་མ་བཤད་མི་དགོས་པར་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་གལ་ཆེ་ཡིན་པ་དང་འཐབ་རྩོད་ཀྱི་ཁ་ཕྱོགས་འདི་རྒྱ་ནག་ལ་བསྟན་དགོས་ཤིང་།  རྒྱལ་སྤྱིའི་ནང་བོད་རང་བཙན་གྱི་འདོད་ཚུལ་འདི་ར་སྤྲོད་བྱེད་ཐུབ་པ་བྱ་རྒྱུ་གལ་ཆེ་ཡིན་པ་ཕ་རན་སི་ནང་གི་བོད་མི་ ༥༠༠ ཙམ་ཞིག་ལ་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་བཀའ་ཤག་གི་སྲིད་བྱུས་དང་ལས་དོན་ཇི་གནང་གསུང་བཤད་གནང་སྐབས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སིཔེན་ནང་དུ་ཕྱོགས་བསྐྱོད་གནང་སྟེ། ཡུལ་དེའི་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་ཐད་ཉན་ཞིབ་ནང་ཞུགས་ཤིང་།  ཡོ་རོབ་ཁུལ་དུ་ཕྱོགས་ཕཻབས་ཀྱི་མཛད་རིམ་ཁྲོད་ནས་ཕྱི་ཟླ་ ༡༡ ཚེས་ ༡༧ དགོང་མོ་ཕ་རན་སི་རྒྱལ་ས་པེ་རིསི་ནང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་ཐོག་བོད་མི་ ༥༠༠ ཙམ་ཞིག་ལ།  བཀའ་ཤག་གི་ལས་དོན་གནང་ཕྱོགས་དང་སྲིད་བྱུས་སྐོར་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་དང་། བཀའ་ཤག་ངོས་ནས་བོད་འདི་རྒྱ་ཁོངས་མིན་པ་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ནས་གསལ་བཤད་གནང་རྒྱུའི་ཆེད། བོདརིག་པ་བ་མཡེཀལ་ཝེན་ཝལཊི་ཝན་པིརག་གྱིས་བོད་རྒྱ་ཁོངས་མིན་པའི་ལོ་རྒྱུས་ཀྱི་ཕྱག་དེབ་ ༢༠།༢༠ ཅེས་པ་འདི་དང་། རྒྱ་རིགས་སློབ་དཔོན་ ཧན་ཤན་ལའོ་ ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་དྲྭ་རྒྱའི་ནང་ནས་ཡིག་ཆ་ཆེད་དུ་ཟུར་འདོན་གྱིས།  རྒྱ་ནག་གོང་མ་རིམ་པའི་སྐབས་སུ་བོད་འདི་རྒྱ་ནག་གི་ཆ་ཤས་ནམ་ཡང་བརྩི་མྱོང་མེད་པ་གསལ་སྟོན་ར་སྤྲོད་གནང་ཡོད་པས།  ད་བར་ཕྱག་དེབ་འདི་དབྱིན་ཡིག་ནང་ཕབ་སྒྱུར་གནང་བཞིན་ཡོད་པ་དང་།  རྒྱ་ནག་གཞུང་གིས་ད་ལྟ་འདིར་ལན་འདེབས་བྱེད་མ་ཐུབ་པར་ལྷག་ཡོད་པ་སོགས་གསུངས་སོང་ལ།  བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཟེར་ན་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པ་གསལ་བཤད་གནང་སོང་།

བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་སྒྲུབ་ཀྱི་ཡོད་པས།  ཕྱི་རྒྱལ་གཞུང་ཁག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་ཟེར་ན་ལོ་རྒྱུས་ལ་འཁྱོག་བཤད་ཆགས་ཀྱི་ཡོད་པ་འདི་གསལ་བཤད་གནང་གི་ཡོད་པས། འདི་སྐོར་གསལ་བཤད་ར་སྤྲོད་བྱ་རྒྱུ་འདི་བོད་མི་མང་ཚོགས་ལའང་འགན་དཀྲི་གཅིག་འགྱུར་ཡོད་རེད་ཅེས་དང་།  བོད་མི་ཚོས་རང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་ཤེས་པར་བྱས་པ་ཙམ་དུ་མ་ཟད། མི་རབས་རྗེས་མ་ཚོར་རྩིས་སྤྲོད་བྱ་རྒྱུ་དགོས་པ་ཞིག་གལ་ཆཻ་རེད་ཅེས་གསུངས་སོང་།

བཙན་བྱོལ་ནང་བོད་མི་མི་འབོར་འཕེལ་རྒྱས་ཐད་ཕྲུ་གུ་བཙལ་མཁན་ཉུང་བའི་དཀའ་ངལ་ཡོད་པས།  སློབ་གྲྭ་ཁག་འཛིན་སྐྱོང་བྱེད་རྒྱུར་ཕྲུ་གུ་ཉུང་བའི་དཀའ་ངལ་ཡོད་པར་སློབ་གྲྭ་ཟླ་སྒྲིལ་གཏོང་རྒྱུའི་ལས་དོན་འགྲོ་བཞིན་ཡོད་པ་གསུངས་ཤིང་། བོད་མི་ཁ་ཐོར་གནས་ཡུལ་གྱི་ས་ཁུལ་དང་ལ་དྭགས་དང་ཊུ་ཊིང་སོགས་ས་གནས་དཀའ་ངལ་ཡོད་ས་ཁག་ནས་གཞིས་ཆགས་ཁག་ཏུ་བོད་མི་ ༨༠༠ ཙམ་སྤོ་ཆོག་གི་ས་ཁང་བཅས་པ་གྲ་སྒྲིག་གནང་གྲུབ་ཡོད་པ་གསུངས་སོང་།

གསར་འགོད་པ། མཁའ་འགྲོ་དབྱངས་འཛོམས། 

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎