གསར་འགྱུར་ཡིག་ཚགས།
2024-12-24
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་དུ་ནུབ་ཕྱོགས་ཡུལ་ལུང་གང་སར་གནས་པའི་བོད་མི་ཚོའི་གནབ་བབ་གང་ཅིའི་ཐད་གླེང་མོལ།
2024-12-24
འགོ་ཁྲིད་ཚད་ལྡན་ཞིག་ཡིན་དགོས་ན་ཚད་ལྡན་གྱི་ཤེས་ཡོན་དང་དྲང་བདེན་དགོས་གལ་ཆེ་ཞེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསུངས་པ།
2024-12-24
༧གོང་ས་མཆོག་རྒྱ་གར་དུ་བཞུགས་ཡོད་པས་བོད་མི་ཚོས་རྒྱ་གར་ནས་ཡིན་པའི་སྐོར་བཤད་སྐབས་བློ་ཐག་ཉེ་བོ་གནང་གི་ཡོད་སྐོར། བོད་ནང་ཆེད་ཕེབས་གནང་བའི་རྒྱ་གར་བློ་འདོན་ལྟེ་གནས་ཁང་གི་སྐུ་ཚབ་ཚོགས་ཆུང་མི་སྣས་འགྲེལ་བརྗོད་བྱུང་།
2024-12-23
ཨ་མི་རི་ཀས་དྲྭ་ཐོག་འཇབ་རྒོལ་བ་ཚོར་ཉེས་ཆད་ལྗིད་པོ་གཅོད་དགོས་ཞེས་ཨ་རིའི་བདམས་ཐོན་སྲིད་འཛིན་ཊམཔ་མཆོག་གི་སློབ་སྟོན་པས་གསུངས་འདུག
2024-12-23
འདས་བའི་ལོ་གཅིག་གི་བོད་ནང་གི་གནས་ཚུལ་ལ་བསྐྱར་ལྟ་དཔྱད་གླེང་ཞུས་པ།
2024-12-23
རྒྱ་ནག་ནི་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་ཡོད་པ་ཞིག་ཡིན་པ་ངོས་འཛིན་དགོས་ཞེས་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་གྲོས་ཚོཊ་འཐུས་མི་ པྲི་ཏི་ པ་ཊེལ་ (Priti Patel) ལགས་ཀྱིས་ཐེར་འདོན་གནང་འདུག
2024-12-23
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཨ་རིའི་མངའ་སྡེ་ཁག་ཅིག་ནང་འཚམས་གཟིགས་སྐབས་ས་གནས་བོད་མི་དང་ལྷག་པར་གཞོན་སྐྱེས་ཁག་དང་མཇལ་འཕྲད་གནང་འདུག
2024-12-23
བོད་ཀྱི་གསོ་བ་རིག་པར་རྒྱ་གར་གཞུང་གིས་གསོ་བ་རིག་པ་ཞེས་དེབ་སྐྱེལ་བྱས་པའི་ཕན་གནོད་སོགས་ཀྱི་སྐོར།
2024-12-23
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧ཞབས་པུས་ཀྱི་གནས་སྟངས་དྲག་སྐྱེད་ཕེབས་ཀྱིན་ཡོད་པ་གསུངས་པ་དང་། འདིའི་ཐད་"དཀའ་ངལ་ཆེན་པོ་གང་ཡང་མི་འདུག" ཅེས་བཀའ་གནང་འདུག ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆཽག་གིས་རོའི་ཊརསི་གསར་ཁང་གི་གསར་འགོད་པར་"ངའི་རྨི་ལམ་ལྟར་ན་ང་ལོ་ ༡༡༠ བར་དུ་འཚོ་སྲིད་པ་རེད་" ཅེས་བཀའ་ལན་ཕེབས་འདུག
2024-12-23
སློབ་སྦྱོང་དང་ལྷན་བཟང་སྤྱོད་མེད་ན་སློབ་སྦྱོང་གིས་ཕན་ཐོགས་ཚབ་ཏུ་གནོད་ཚབས་ཡོང་ཉེན་ཆེ་ཞེས། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་འགོ་ཁྲིད་ཟབ་སྦྱོང་དུ་བཅར་བའི་སློབ་གྲྭའི་འགན་བདག་ཚོར་ལམ་སྟོན་གནང་ཡོད་པ།
2024-12-22
ཁེ་ན་ཌའི་བོད་དོན་ཚོགས་པའི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་དམིགས་འཛུགས་ཀྱིས་བཀག་སྡོམ་བྱས་པ་འདི་ནི་རྒྱུ་མཚན་ལྡན་པའམ། ཚུལ་མཐུན་གྱི་ལན་འདེབས་དང་། འདྲ་མཉམ་ལག་བསྟར་བྱས་པ་ཞིག་མི་མཐོང་ཞེས་གསུངས་བྱུང་།
2024-12-21
རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་དང་བྱེད་འཆར་གྱི་ཆུ་མཛོད་བརྒྱ་ཆ ༨༠ གློག་འདོན་ཤུགས་ཚད་སྟོང་ཝ(MW༡༠༠)ཡིན་པ་དེས། བོད་ཀྱི་རིག་གནས་དཔལ་ཡོན་དང་རང་བྱུང་ཁོར་ཡུག་དོ་སྙོམས། གནམ་གཤིས་སོགས་ལ་ཉེན་ཁ་ཤུགས་ཆེར་ཡོང་རྒྱུ་ཡིན་པ།
2024-12-21
རྒྱ་གར་ལྷོ་ཕྱོགས་སྦེངྒ་ལུ་རུར་རྟེན་གཞི་བྱས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་བོད་རིག་པའི་ཚོགས་འདུ་ཚོགས་ཡོད།
2024-12-21
སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱོགས་ཕེབས་སྐབས་གཞོན་སྐྱེས་དང་མཇལ་མོལ་གནང་རྒྱུ་གཙོ་འདོན་གནང་འདུག
2024-12-21
༢༠༢༤ ཟླ་ ༥ ནང་རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་དཔོན་སྐོར་སྡེ་པ་ནས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཕ་སྐད་གཙང་མའི་ལས་འགུལ་སྤེལ་བའི་ཉེས་མིང་འོག ཡུལ་དེའི་སྡེ་དཔོན་མགོན་པོ་རྣམ་རྒྱལ་དང་ཤང་སྟོད་དགོན་པའི་མཁན་པོ་བསྟན་པ་དར་རྒྱས་ལགས་གཙོས་སྡེ་མི་༢༠ ལྷག་འཛིན་བཟུང་གིས། འདས་པའི་ཟླ་བ་ ༧ ལྷག་རིང་བཀག་ཉར་བཅར་རྡུང་དང་མནར་གཅོད་བཏང་རྐྱེན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་བཅར་རྡུང་མནར་གཅོད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་མཁན་པོ་བསྟན་པ་དར་རྒྱས་གཙོས་འཛིན་བཟུང་བྱས་པའི་སྡེ་མི་གཞན་དག་གི་གནས་སྟངས་གསལ་ཁ་མེད་པར་གྱུར་ཡོད་པས། མི་མང་ངོས་ནས་དགོན་པའི་མཁན་པོ་མཆོག་གཙོས་སྡེ་མི་ཚོའི་སྐུ་གཟུགས་གནས་སྟངས་ཐད་བློ་འཚབ་ཤུགས་ཆེར་གནང་གི་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ ༡༢ ཚེས་ ༢༡ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།