འདས་པའི་ལོ་གཅིག་གི་བོད་ནང་གི་གནས་ཚུལ་ལ་བསྐྱར་ལྟ།

2024.12.23
འདས་པའི་ལོ་གཅིག་གི་བོད་ནང་གི་གནས་ཚུལ་ལ་བསྐྱར་ལྟ། འདས་པའི་ལོ་གཅིག་གི་བོད་ནང་གི་གནས་ཚུལ་དང་འབྲེལ་བའི་པར་རིས།
ཕྱོགས་བསྒྲིགས།

ད་ཆ་ཕྱི་ལོ་༢༠༢༤ ལོ་མཇུག་ཏུ་སླེབས་ཏེ་ལོ་འཁོར་མོ་རྫོགས་གྲབ་ཀྱི་དུས་འདིར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལོ་འཁོར་མོའི་རིང་གནས་ཚུལ་མཁོ་སྒྲུབ་ཞུས་པའི་ཁྲོད་བོད་ནང་དུ་རྒྱ་ནག་གཞུང་གིས་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་སྡེ་དགེ་དབོན་སྟོད་དགོན་པའི་དགེ་འདུན་པ་དང་གྲོང་སྡེ་བཅས་པ་ཁུལ་དེར་ཆུ་རགས་ཀྱི་ལས་གཞིའི་འོག་གནས་སྤོ་དགོས་པའི་བཙན་ཤེད་བྱས་པ། རྨ་ཆུའི་བཞུར་རྒྱུུན་དུ་ཆགས་པའི་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་ཤུལ་ཙམ་ཡང་མེད་པར་གཏོར་བཤིག་བཏང་སྟེ་ད་ཆ་ས་གཞི་དེ་ཆུས་བསྣུབས་པ་སོགས་བྱུང་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་དང་། རྩོམ་སྒྲིག་འགན་འཛིན་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་འདས་བའི་ལོ་གཅིག་གི་བོད་ནང་གི་གནས་ཚུལ་ལ་བསྐྱར་ལྟ་དཔྱད་གླེང་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎