གསར་འགྱུར་ཡིག་ཚགས།
2024-12-14
ཉིན་གསུམ་རིང་གི་ལྷོ་མཚོའི་ནང་གི་ནང་པ་Shenzhen བགྲོ་གླེང་ཚོགས་འདུ་ཟེར་བ་དེ་ཁ་སང་གཟའ་པ་སངས་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་ཌུའི་ནང་དབུ་འཛུགས་གནང་ཡོད་པ་དང་། རྒྱ་ནག་གི་ནང་པའི་དགེ་འདུན་པ་༢༢༠ལྷག་གནས་མཆོག་ལུམ་བི་ནིར་འབྱོར་ཡོད་པ་རེད།
2024-12-14
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་ཉིན་གསུམ་རིང་རྒྱལ་ས་ལྡི་ལིར་འཚོགས་གནང་སོང་།
2024-12-13
འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ཡོད་པ་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།
2024-12-13
སྐབས་བཅུ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་སྟེགས་སྟེང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གི་སློབ་གསོའི་སྲིད་ཇུས་བརྒྱུད་ནས་བོད་མིའི་ངོ་བོ་རྩ་མེད་དུ་གཏོང་བཞིན་པ་ནན་བརྗོད་གནང་འདུག
2024-12-13
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཡོ་རོབ་ནེ་ཌར་ལན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ།
2024-12-13
༧གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་པ་རྣམས་ལ་དད་རྟེན་དུ་སྐུ་སྒེར་གྱི་ན་བཟའ་དང་སྟོན་པའི་སྐུ་བརྙན་བཅས་སྩལ་གནང་ཡོད་པ།
2024-12-12
རྒྱ་ནག་གིས་བོད་བཙན་བཟུང་རྗེས་བསོད་ནམས་ཆོས་འཕེལ་ལགས་མི་ལོ་ ༢༠ ལྷག་རིང་ཆབ་སྲིད་ཀྱི་ཉེས་མིང་འོག་བཙོན་འཇུག་གི་དཀའ་སྡུག་མྱོང་དགོས་བྱུང་ཞིང་། གློད་བཀྲོལ་བྱུང་སྟེ་ཡུན་རིང་མ་སོང་བར་རྒྱ་གར་འཕཊ་པའི་ཡུལ་དུ་གཉེན་འཕྲད་དུ་ཕེབས་འབྱོར་བྱུང་ཡོད་པ་རེད།
2024-12-12
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་གཞུང་འཛིན་གསར་བས་བོད་དོན་རྒྱབ་སྐྱོར་ཡོངས་ཐབས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་དཔོན་རིགས་བཅས་དང་མཇལ་མོལ་གནང་འདུག
2024-12-12
ཟླ་༡༢ བའི་ཚེས་ ༡༤ ནས་ ༡༧ བཅས་ཉིན་གྲངས་བཞིའི་རིང་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བལ་ཡུལ་གྱི་ནང་པའི་གནས་ཆེན་ལུམ་བི་ནི་(Lumbini)་རུ་འཚོགས་འཆར་ཡོད་པའི་ལྷོ་ཨེ་ཤེ་ཡའི་རྒྱ་ནག་རྒྱ་མཚོའི་ནང་པའི་ཚོགས་འདུ་ཐེངས་༩སྟེང་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡོང་འཆར་ཡོད་པའི་གནས་ཚུལ་སྤེལ་ཡོད། ཡིན་ན་ཡང་བལ་ཡུལ་གྱི་(The Kathmandu Post)་གསར་འགྱུར་ཁང་གིས་སྤྱི་ཚེས་༡༢ཉིན་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་ལ། བལ་ཡུལ་ནི་ཆོས་ལུགས་ཀྱི་གནད་དོན་ཐད་བར་གནས་ཀྱི་ལངས་ཕྱོགས་འཛིན་མཁན་རྒྱལ་ཁབ་ཞིག་ཡིན་པས་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུར་ངོས་ལེན་བྱེད་ཐབས་མེད་པའི་ལན་འདེབས་བྱས་ཡོད་ལུགས་བཀོད་འདུག
2024-12-12
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་བོད་གཙོས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་གཏོང་བའི་བྱ་སྤྱོད་ཐོག་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་འདུག
2024-12-12
ཉེ་སྔོན་རྒྱ་ནག་གིས་དབྱིན་ཡིག་ཏུ་བོད་ལ་Tibetཟེར་བའི་ཚབ་ཏུ་Xizangཞེས་འབོད་དགོས་པའི་སྐོར་གྱི་སྲིད་ཇུས་འཛིན་བཞིན་པར་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་ཡོད།
2024-12-12
ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ར་སྤྲོད་བྱུང་བ་ལྟར་ཉེས་ཆད་བཀལ་བ་ལག་བསྟར་བྱེད་རྒྱུ་ཡིན་པ་མགྲིན་ཚབ་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གསལ་འདེབས་གནང་བྱུང་།
2024-12-12
བོད་ཀྱི་གནའ་རབས་ལོ་རྒྱུས་ལས་བོད་གངས་ཅན་ལྗོངས་འདི་ཆགས་ཚུལ་ནི། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་དུ་རིམ་བཞིན་རྒྱ་མཚོ་སྐམ་སར་གྱུར་ཏེ་བོད་ཡུལ་ཆགས་པ།
2024-12-12
ཉག་ཆུ་རྫོང་གི་མེ་སྐྱོན་ཞི་འཇགས་སུ་ཕྱིན་ཡོད་ཀྱང་རྩ་མེད་བཟོ་ཐུབ་མེད་པར་མུ་མཐུད་དུ་བ་འཕྱུར་བཞིན་ཡོད་འདུག
2024-12-12
རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུར་ངོས་ལེན་རྩ་བ་ནས་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་སོང་།