ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དགོས་བའི་འབོད་སྐུལ་གནང་འདུག

2024.12.12
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དགོས་བའི་འབོད་སྐུལ་གནང་འདུག བོད་དོན་ལས་འགུལ་ཞིག་གི་སྐབས།
སྒྲིག་བཟོ། /AP

དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་སེམས་ཚབས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་སྤྱི་དམངས་དང་། རིག་གཞུང་། དཔལ་འབྱོར། སྤྱི་ཚོགས། ཆབ་སྲིད་བཅས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་སེམས་ཚབས་ཡོད་པའི་སྐོར་སྐྱོན་བརྗོད་བསྒྲགས་གཏམ་ནན་པོ་ཞིག་སྤེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་གྲངས་ཉུང་མི་རིགས་དང་། ཆོས་ལུགས། སྐད་ཡིག་མི་འདྲ་བའི་མི་རིགས་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དང་སྲུང་སྐྱོབ་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།
ཡང་བསྒྲགས་གཏམ་དེའི་ནང་། བོད་ནང་༢༠༡༣ལོ་ནས་བཟུང་དྲག་གནོན་བྱེད་རྒྱུ་ཇེ་ཆེར་ཕྱིན་ནས། ལྷག་པར་དུ་བོད་ཀྱི་ས་ཁུལ་ནང་སྨྲ་བརྗོད་རང་དབང་དང་འགྲོ་འདུག་རང་དབང་། འདུ་འཛོམས་རང་དབང་བཅས་ཀྱི་ཐོག་དམ་དྲག་ནན་པོ་བྱེད་བཞིན་པར་ཐུགས་ཚབས་བྱེད་ཡུལ་ཞིག་དང་། དེ་བཞིན་བོད་མིར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་བཀག་སྡོམ་གྱིས་བོད་བརྒྱུད་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་བ། དེ་མ་ཟད་བོད་པའི་ཕྲུ་གུ་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཀྱིས་བཅུག་པ་དང་བོད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲྭ་སྒོ་རྒྱབ་བཅུག་པ་སོགས་ནི་ཧ་ཅང་འཇིགས་སྣང་ཅན་ཞིག་རེད་ཅེས་གསལ་སྟོན་གནང་འདུག
ད་དུང་དེང་སྐབས་ཤིན་ཅང་ནང་མི་མང་པོ་འཛིན་བཟུང་གིས་བཀག་ཉར་བྱེད་པ་དང་། གང་སར་སོ་ལྟའི་བརྒྱུད་ལམ་མང་པོ་ཞིག་ཆེད་དུ་བཙུགས་ཡོད་པ། ངལ་རྩོལ་བཙན་སྐུལ་བྱེད་པ། དེ་བཞིན་གཅར་རྡུང་གཏོང་བ་དང་། བཙན་ཤེད་ཀྱིས་མངལ་ནས་ཕྲུ་གུ་བཏོན་པ། སྐྱེས་སྒོ་འགོག་པ་སོགས་བྱ་སྤྱོད་ངན་པ་དེ་རིགས་མང་པོ་ཞིག་ཐོན་བཞིན་ཡོད་པའི་སྐོར་སོགས་གསལ་འདོན་གནང་འདུག་ལ། གདུག་རྩུབ་ཀྱི་བྱ་སྤྱོད་དེ་དག་ལ་ནི་ཡུལ་དེའི་རིག་གཞུང་རྩ་མེད་བཟོ་ཐབས་ཤིག་དང་དམིགས་བསལ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསལ་འདུག།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎