ལྷོ་མཚོའི་ནང་བསྟན་གྱི་ཚོགས་ཆེན་ཐོག་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་ཕེབས་མིན་འདུག

2024.12.14
ལྷོ་མཚོའི་ནང་བསྟན་གྱི་ཚོགས་ཆེན་ཐོག་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་ཕེབས་མིན་འདུག གནས་མཆོག་ལུམ་བི་ནི།
ཨེ་པི།

རྒྱ་ནག་གི་དགེ་འདུན་པ་མི་གྲངས་༢༢༠ལྷག་ཙམ་ནི། རྒྱ་ནག་ནས་གནམ་གྲུ་ཆེད་གཏོང་གིས་ལུམ་བི་ནི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་འཚམས་འདྲི་དགའ་བསུ་ཆེན་པོ་ཐོབ་ཡོད་ལུགས་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཆེན་མོ་Chen Song གྱི་X སྤྱི་ཚོགས་དྲྭ་རྒྱའི་ཐོག་གནས་ཚུལ་བཀོད་འདུག།

ཡང་གཞུང་ཚབ་ཆེན་མོ་Chen ཡིས་གནམ་ཐང་དེ་རྒྱ་ནག་གི་འཛུགས་སྐྲུན་ཚན་པས་བརྒྱབ་ཅིང་དེར་ཨེ་ཤེ་ཡ་ཡར་རྒྱས་དངུལ་ཁང་གིས་འགྲོ་སོང་བཏང་བ་དེར་སྔ་ཕྱིར་བྱང་ཕྱོགས་ནས་འགྲུལ་བ་མང་ཤོས་དེ་ཡིན་ཁུལ་བྱས་ནས་དྲིལ་བསྒྲགས་བྱས་འདུག ཡང་Chen ཡིས་བལ་ཡུལ་དང་རྒྱ་ནག་དབར་ནང་པའི་རིག་གཞུང་བརྗེ་ལེན་གྱི་ལས་དོན་གསར་པ་ཞིག་འགོ་བཙུགས་པ་རེད་ཅེས་གསལ་སྟོན་བྱས་འདུག

རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་དེ་རིང་རེས་གཟའ་སྤེན་པའི་ཉིན་ལུམ་བི་ནིར་གྲ་སྒྲིག་བྱས་པའི་དམིགས་བསལ་མཆོད་འབུལ་གྱི་མཛད་སྒོའི་ཐོག་ཡོང་ཐུབ་མེད་པའི་གནད་དོན་ཐད་མང་པོས་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་རེད།  འོན་ཀྱང་ཁོང་ཕེབས་མེད་པ་རེད་ཅེས་ལུམ་བི་ནི་གོང་འཕེལ་ལས་འཆར་གྱི་རྒྱུན་ལས་ཚོགས་གཞོན་ལྷ་རྒྱལ་སྤྲུལ་སྐུས་Kathmandu དུས་བབ་གསར་ཤོག་ལ་གསལ་སྟོན་གནང་འདུག

རེས་གཟའ་པ་སངས་ཉིན་པེ་ཅིང་ནས་འབྱོར་བའི་དགེ་འདུན་པ་ཚོས་དེ་རིང་རེས་གཟའ་སྤེན་པའི་དགོང་མོར་Maya Devi ལྷ་ཁང་དུ་དམིགས་བསལ་མཆོད་འབུལ་ཞིག་གནང་རྒྱུ་ཡིན་པ་རེད་ཅེས་གནས་ཚུལ་ནང་བཀོད་འདུག་ལ། རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུར་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། བཙན་བྱོལ་ནང་ཡོད་པའི་གཞུང་མང་གཉིས་ནས་ངོས་ལེན་གནང་གི་མེད་པའི་ཐོག་ཁོང་ད་རེས་བལ་ཡུལ་ནང་ཕེབས་རྒྱུར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་གནང་ཡོད་པ་རེད། 

རྩ་བའི་ཉིན་ཤས་སྔོན་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཕེབས་རྒྱུ་ཡིན་པ་བལ་ཡུལ་གྱི་གསར་ལམ་ཁག་ནང་གནས་ཚུལ་བཀོད་སྤེལ་བྱས་ཡོད་ཀྱང་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཕེབས་རྒྱུར་བལ་ཡུལ་གཞུང་གིས་ངོས་ལེན་གནང་མེད་པ་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་ཡོད་པ་རེད།།

གསར་འགོད་པ། དབྱངས་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎