ཁེ་ཎ་ཌའི་ནང་བོད་དོན་རྒྱང་རྒྱུག་ལས་འགུལ་རྒྱ་ནག་དོན་གཅོད་ལས་ཁུངས་མདུན་དུ་མཇུག་སྒྲིལ་འདུག

2023.10.10
ཁེ་ཎ་ཌའི་ནང་བོད་དོན་རྒྱང་རྒྱུག་ལས་འགུལ་རྒྱ་ནག་དོན་གཅོད་ལས་ཁུངས་མདུན་དུ་མཇུག་སྒྲིལ་འདུག ཁེ་ཎ་ཌའི་ནང་བོད་དོན་རྒྱང་རྒྱུག་ལས་འགུལ་རྒྱ་ནག་དོན་གཅོད་ལས་ཁུངས་མདུན་མཇུག་སྒྲིལ་སྐབས། ༡༠།༠༩།༢༠༢༣
ཨྱོན། /RFA

འདི་ཚེས་༩ཉིན་ཁེ་ཎ་ཌའི་ནང་བོད་དོན་རྒྱང་རྒྱུག་ལས་འགུལ་ཐོག་མར་དབུ་འཛུགས་གནང་མཁན་པདྨ་ཀུན་དགའ་ལགས་དང་རྒྱང་རྒྱུག་ལས་འགུལ་བ་རྣམས་བདེ་ཐང་ངང་། ཁེ་ཎ་ཌའི་(St. George)་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་དོན་གཅོད་ལས་ཁུངས་མདུན་དུ་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་མི་མང་བཅས་ཀྱིས་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་དང་སྣེ་ལེན་ཞུས་གནང་སྐབས། ལས་འགུལ་བ་པདྨ་ཀུན་དགའ་ལགས་ཀྱིས། བོད་དོན་འཐབ་རྩོད་ཆེད་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོ་ཆིག་སྒྲིལ་གནང་དགོས་པ་དང་། རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་ཚོས་བོད་དོན་ལས་འགུལ་གང་མང་སྤེལ་དགོས་པའི་རེ་འདུན་དང་འབོད་སྐུལ་གནང་སོང་།
གཞན་བསྟན་འཛིན་བཤད་སྒྲུབ་ལགས་ཀྱིས། བོད་ཀྱི་རྩ་དོན་ཆེད་ད་བར་རྒྱང་རྒྱུག་ལས་འགུལ་ཐེངས་གསུམ་སྤེལ་ཐུབ་པར་དགའ་ཚོར་བྱུང་། མ་འོངས་བར་མུ་མཐུད་དུ་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུའི་སེམས་ཤུགས་ཡོད་པ་གསུངས་བྱུང་།
ཁོང་རྣམ་པས་ད་རེས་དགོས་འདུན་དོན་ཚན་གསུམ་བཏོན་ནས་བོད་དོན་རྒྱང་རྒྱུག་གནང་ཡོད་པ་དང་། དེ་ནི་བོད་ནང་གི་བོད་ཕྲུག་སློབ་མ་ས་ཡ་གཅིག་ཙམ་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཅུག་པ་དང་མཉམ་རྒྱ་བསྒྱུར་སློབ་གསོ་སྤེལ་བཞིན་པར་ངོ་རྒོལ་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ། བོད་རྒྱ་གཉིས་བར་ཞི་མོལ་གནང་དགོས་པ་དང་། ཕྱོགས་མཚུངས་བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་བཅས་ཡིན་པ་རེད།
ད་རེས་ཁོང་རྣམ་པའི་བོད་དོན་རྒྱང་རྒྱུག་དེ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་ནས་གྲོང་ཁྱེར་ཀྲོ་རོན་ཀྲོ་བར་རྒྱང་ཐག་སྤྱི་ལེ་༤༥༠ལྷག་ཙམ་ཞིག་ལ་ཉིན་གྲངས་བདུན་རིང་རྒྱང་རྒྱུག་གནང་ནས་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་དང་མཉམ་མཇུག་སྒྲིལ་ཡོད་པ་རེད།


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཆོས་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎