གསར་འགྱུར་ཡིག་ཚགས།
2023-09-30
ཡུན་རིང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་༸གོང་ས་མཆོག་ལ་ཐུགས་འདྲེས་ཆེན་པོ་ཡོད་པ། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ལྕམ་Dianne་Feinsteinལགས་དགོངས་པ་རྫོགས་པར། ཁོང་གི་ནང་མི་ཚོར་༸གོང་ས་མཆོག་གིས་ཐུགས་གསོའི་བཀའ་ཡིག་སྩལ་ཡོད་པ།
2023-09-29
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞི་དང་བྱང་ཨ་རིའི་ནང་གཞུང་དོན་ཕྱོགས་ཕེབས་ཆེད་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་འདུག
2023-09-29
ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ཐའེ་ཝན་ནས་བོད་མཐོང་བའི་རོལ་དབྱངས་འདུ་འཛོམས་ཞེས་པ་ཞིག་གཉེར་ཡོད་པ་དེའི་ཐོག་བཙན་བྱོལ་ནང་གི་སྒྱུ་རྩལ་པ་བཀྲས་ཆུང་ལགས་ཀྱིས་གཙོས་པའི་སྒྱུ་རྩལ་པ་ཁག་ཅིག་མཉམ་ཞུགས་གནང་སྟེ་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་པར་ཐའེ་ཝན་ནང་དགའ་བསུ་ཐོབ་ཡོད་འདུག
2023-09-29
ད་རེས་གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་བྱེད་དགོས་བྱུང་བའི་གནས་སྟངས་མ་འདྲ་བའི་སྐབས་སྤྱི་འཐུས་རྣམ་པར་འགྲོ་གྲོན་གཏོང་སྟངས་སྒྲིག་གཞི་ཁ་གསལ་མེད་པ་རེད་འདུག
2023-09-29
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡུན་རིང་ཤོས་གནང་མཁན་མང་གཙོ་ཚོགས་པའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ལྕམ་(Dianne Feinstein)ལགས་དགོངས་པ་རྫོགས་འདུག ཁོང་དགུང་ལོ་དགུ་བཅུར་ཕེབས་ཡོད་པ་རེད།
2023-09-28
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་མཉམ་ཞུགས་གནང་མཁན་ངོ་ཡོད་ཀྱི་ཉུང་མཐའི་གྲངས་ཚད་མ་ལོན་པར་བརྟེན་ཚོགས་དུས་དྲུག་པའི་ལས་དོན་ལྷག་མ་བསྐྱང་རྒྱུའི་ཚོགས་འདུ་འཕར་འགྱངས་གནང་སོང་།
2023-09-28
རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་འདུག
2023-09-27
རྒྱ་གར་གྱི་ཕྱི་འབྲེལ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་རྡ་རམ་སཱ་ལར་ཕེབས་ནས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་སྐབས་རྒྱ་ནག་དང་བརྒྱུད་ལམ་གཞན་ཞིག་བརྒྱུད་ནས་འབྲེལ་ལམ་ཐབས་ཤེས་གནང་བཞིན་ཡོད་པ་གསུངས་འདུག
2023-09-27
ཉེ་ཆར་རྒྱ་ནག་གིས་ཐེ་ཝན་གྱི་ཉེ་འཁྲིས་སུ་དམག་སྦྱོང་བྱས་བའི་དམིགས་ཡུལ་ནི་ཁེངས་དྲེགས་ཆེ་བའི་ཁ་བྲལ་རིང་ལུགས་པར་འཐབ་རྒོལ་བྱ་ཆེད་ཡིན་ཞེས་རྒྱ་ནག་གཞུང་གིས་བཤད་འདུག
2023-09-27
ཨ་རུ་ནཱ་ཅལ་ནས་ཡིན་པའི་རྒྱ་གར་གྱི་རྩེད་འགྲན་པ་གསུམ་ལ་རྒྱ་ནག་གཞུང་ཚབ་ཁང་གིས་མཐོང་མཆན་(Stapled Visa)་ཞེས་ཕྱི་བསྐྱོད་ལག་འཁྱེར་ཐོག་ལོགས་སུ་སྤྲད་པར་རྒྱ་གར་གཞུང་གིས་སྐྱོན་བརྗོད་བྱས་འདུག
2023-09-27
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་ཆགས་པའི་བཀྲ་ཤིས་ལྗོངས་ས་གནས་སུ། ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དགུ་བ་བཤད་སྒྲུབ་ཉི་མ་མཆོག་ནས་ཁམས་པ་སྒར་འབྲུག་མཐོ་སློབ་ངྷརྨ་ཀཱ་རའི་བཤད་གྲྭ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས། སྤྱི་ཟླ་༩པའི་ཚེས་༢༧ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་དབུ་འབྱེད་གནང་ཡོད།
2023-09-27
བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་ཕྱི་ལོ་༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཕ་ཡུལ་དུ་ལོག་སྟེ་གཞུང་གཉེར་གྱི་ལས་ཀ་རིགས་མ་བྱས་པར། སྒེར་ངོས་ནས་ཚོང་ལས་གཉེར་ནས་བསྡད་ཡོད་པ་རེད་འདུག
2023-09-26
ཡོ་རོབ་མཐུན་ཚོགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༥༤པའི་སྟེང་བོད་ཀྱི་གནད་དོན་གླེང་སློང་གནང་འདུག
2023-09-26
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་བར་ཆོད་སེམས་བརྟན་པོ་ཡོད་པ་དང་བོད་ལ་རང་སྐྱོང་གི་གནས་བབ་ལས་རང་བཙན་རྩོད་ཀྱི་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་ལ་བཀའ་གནང་འདུག
2023-09-26
ཡོ་རོབ་ནང་པའི་མཐུན་ཚོགས་ཀྱིས་ལོ་འཁོར་ཚོགས་ཆེན་དང་བསྟུན་རྒྱ་ནག་གཞུང་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱེད་དབང་མེད་པའི་བསྒྲགས་གཏམ་སྤེལ་འདུག