གསར་འགྱུར་ཡིག་ཚགས།
2021-01-30
ཕ་རེན་སིའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོ་བོར་གྱུར་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་Paris ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་འདུག
2021-01-30
ཡུ་རོབ་སྤྱི་མཐུན་གྱིས་རྒྱ་ནག་གཞུང་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་སུ་མ་འོངས་པར་གཞི་རྩའི་རང་དབང་ཆ་ཚང་སྤྲོད་དགོས་པ་ལས་མུ་མཐུད་དམ་དྲག་མི་བྱེད་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་ཡོད་འདུག
2021-01-29
རྒྱ་ནག་གཞུང་གིས་ཐེ་ཝན་ལ་རང་བཙན་རྩོད་པ་ནི་དམག་འཁྲུག་སློང་བའི་བྱ་སྤྱོད་ཡིན་པའི་ཉེན་བརྡ་བཏང་འདུག
2021-01-29
རྒྱ་ནག་གཞུང་གིས་སྔར་བོད་ནང་དམ་དྲག་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་པ་བཞིན་རིམ་པས་ཧོང་ཀོང་ནང་ལག་བསྟར་བྱ་རྒྱུའི་རྟགས་མཚན་ཡོད་པའི་ཆེད་རྩོམ་སྤེལ་འདུག
2021-01-29
བོད་ཀྱི་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ནས་རྒྱ་ནག་གཞུང་གིས་མདོ་སྨད་མགོ་ལོག་ཕྱོགས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག
2021-01-28
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་བཏང་བའི་གནད་དོན་དང་འབྲེལ་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་ཐད་མུ་མཐུད་ཐུགས་འཚབ་ཡོད་སྐོར་འགྲེལ་བརྗོད་གནང་བ།
2021-01-28
རྒྱ་གར་གྱི་དམག་གིས་བོད་སྐད་དང་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་གིས་བོད་རིག་པའི་གཞུང་ལུགས་བེད་སྤྱོད་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ལས་འཆར་ཐད་གོ་བསྡུར་བྱེད་བཞིན་ཡོད་འདུག
2021-01-28
རྒྱ་ནག་ནང་ས་གནས་ཁྲིམས་སྲོལ་ཁག་ཏུ་མི་རིགས་རང་གི་སྐད་དང་ཡི་གེ་ཡིས་སློབ་ཁྲིད་བྱེད་དགོས་ཞེས་པའི་གཏན་འབེབས་དེ་རྩ་ཁྲིམས་དང་འགལ་ཟླ་ཡིན་ཚུལ་བརྗོད་བཞིན་པར་སྐྱོན་བརྗོད།
2021-01-28
བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་དོན་གཉེར་བ་ན་གཞོན་བཀྲིས་དབང་ཕྱུག་ལགས་ལོ་ལྔའི་རྗེས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་འདུག
2021-01-27
ཨ་མི་རི་ཀས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་འགན་ལེན་དགོས་བའི་འབོད་སྐུལ་བྱེད་བཞིན་པ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུང་བྱུང་།
2021-01-27
རྒྱ་གར་གཞུང་གིས་རྒྱ་གར་གྱི་དམིགས་བསལ་མཐའ་མཚམས་དཔུང་སྡེའི་བོད་རིགས་དམག་མི་ཚེ་རིང་ནོར་བུ་ལགས་ལ་དཔའ་མཛངས་ཀྱི་གཟེངས་རྟགས་གནང་འདུག
2021-01-27
སྤྱི་ནོར་༧གོང་ས་མཆོག་གིས་འཛམ་གླིང་ནང་གི་དཀའ་རྙོག་ཁག་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་སེལ་ཐུབ་རྒྱུ་ཡིན་པ་འཛམ་གླིང་གི་གྲོང་ཁྱེར་སྤྱི་ཁྱབ་མང་པོར་བཀའ་གནང་འདུག
2021-01-26
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཀའ་སློབ་སྙིང་བསྡུས་ཀྱི་ཕྱག་དེབ་བློ་སྟོབས་ཀྱི་དེབ་ཆུང་ཞེས་པ་རྒྱ་གར་གྱི་དཔར་བསྐྲུན་ཁང་ཞིག་གིས་པར་བསྐྲུན་བྱས་འདུག
2021-01-26
རྒྱ་གར་མང་གཙོའི་གཞུང་དབུ་བརྙེས་ནས་ལོ་ངོ་༧༢འཁོར་བའི་དུས་ཆེན་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་གནང་སོང་།
2021-01-25
རྒྱ་ནག་གིས་ཐའེ་ཝན་གྱི་བར་སྣང་ལ་གནམ་གྲུ་བཏང་ནས་འཇིགས་སྐུལ་བྱས་བར་ཨ་མི་རི་ཀས་འདོད་པ་མེད་པའི་རྣམ་འགྱུར་དང་བཅས་ཐའེ་ཝན་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་བརྗོད་འདུག