རྒྱ་ནག་གིས་ཐེ་ཝན་ལ་རང་བཙན་རྩོད་པ་ནི་དམག་འཁྲུག་སློང་བའི་བྱ་སྤྱོད་ཡིན་པའི་ཉེན་བརྡ་བཏང་འདུག

2021.01.29
རྒྱ་ནག་གིས་ཐེ་ཝན་ལ་རང་བཙན་རྩོད་པ་ནི་དམག་འཁྲུག་སློང་བའི་བྱ་སྤྱོད་ཡིན་པའི་ཉེན་བརྡ་བཏང་འདུག ཐེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཐད་ཟུར་ཟའི་རི་མོ།
RFA

རྒྱ་ནག་གཞུང་གིས་ཐེ་ཝན་ལ་རང་བཙན་རྩོད་པ་ནི་དམག་འཁྲུག་སློང་བའི་བྱ་སྤྱོད་ཡིན་པའི་ཉེན་བརྡ་བཏང་འདུག
རྒྱ་ནག་གི་ཉེན་བརྡ་འདི་ནི་ཉེ་བའི་ཆར་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་མཁའ་དམག་གནམ་གྲུ་འཕུར་བསྐྱོད་བྱེད་ཤུགས་ཆེ་རུ་བཏང་བའི་བྱ་སྤྱོད་ཀྱི་རྗེས་སུ་བྱུང་བ་ཞིག་ཡིན་ལ། དེ་བཞིན་ཨ་རིའི་སྲིད་འཛིན་གསར་པ་འཇོ་སྦཡེ་ཌེན་མཆོག་གིས་ཐེ་ཝན་སྲུང་སྐྱོབ་ཐད་འགྱུར་མེད་ཀྱི་རྒྱབ་སྐྱོར་མུ་མཐུད་དུ་ཡོད་པ་གསུངས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད། ཨ་རིའི་གཞུང་གིས་རྒྱ་ནག་གིས་ཐེ་ཝན་ལ་འདི་ལྟ་བུའི་ཉེན་བརྡ་གཏོང་བཞིན་པ་ནི་སྟབས་མི་ལེགས་པའི་རང་བཞིན་ཡིན་པར་མ་ཟད། མི་མཐུན་པའི་གནད་དོན་ཁག་གདོང་ཐུག་རང་བཞིན་ཅན་དུ་འགྱུར་མི་དགོས་པ་ཡིན་པ་བརྗོད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་ཐེ་ཝན་རང་བཙན་གྱི་ཕྱོགས་སུ་བསྐྱོད་ཤུགས་ཆེ་རུ་གཏོང་བཞིན་པ་ནི་ཐེ་ཝན་རང་བཙན་རྒྱལ་ཁབ་ཡིན་པ་གསལ་བསྒྲགས་བྱེད་པའི་གོམས་སྟབས་ཤིག་ཡིན་པར་རྒྱ་ནག་གི་ངོས་ནས་སེམས་འཚབ་བྱེད་བཞིན་ཡོད་པ་དང་། ཐེ་ཝན་ཐོག་འཇིགས་སྐུལ་གྱི་བྱ་སྤྱོད་ཆེ་རུ་གཏོང་བཞིན་པ་དེ་ཐེ་ཝན་གྱི་སྲིད་འཛིན་ཚཡི་ཡིང་ཝེན་ལ་ཐེ་ཝན་རང་བཙན་གསལ་བསྒྲགས་བྱས་ན་འཇུག་འབྲས་ངན་པ་འབྱུང་རྒྱུའི་སྔོན་བརྡ་བཏང་བ་ཞིག་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གཟའ་ཕུར་བུའི་ཉིན་རྒྱ་ནག་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཇིཡན་གྱིས། ཐེ་ཝན་ཐོག་དམག་དོན་གྱི་བྱ་འགུལ་བརྩམ་པ་དེ་དག་ནི་ཐེ་ཝན་མཚོ་འགག་ནང་བདེ་སྲུང་གི་གནས་ཚུལ་འབྱུང་བཞིན་པར་འགོག་ཐབས་ཆེད་དང་རྒྱ་ནག་རྒྱལ་ཁབ་ཀྱི་མངའ་དབང་གཅིག་གྱུར་དང་བདེ་འཇགས་སྲུང་སྐྱོབ་དགོས་ངེས་ཤིག་ཡིན་ལུགས་བརྗོད་འདུག་ལ། ད་དུང་ཁོ་པས་དམག་དོན་གྱི་བྱ་འགུལ་འདི་དག་ནི་ཕྱི་ཕྱོགས་ཀྱི་ཐེ་བྱུས་ཐོག་ནས་ཐེ་ཝན་རང་བཙན་རྩོད་ལེན་བྱེད་པོ་ཚོར་དུས་ཐོག་ལན་འདེབས་ཤིག་ཡིན། ང་ཚོས་ཁོང་ཚོར་མེ་དང་རྩེ་མོ་རྩེད་ན་རང་ཉིད་ཚིག་རྒྱུ་ཡིན་པ་དང་། ཐེ་ཝན་རང་བཙན་དང་དམག་འཁྲུག་དོན་གཅིག་ཡིན་པའི་ཉེན་བརྡ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
དམངས་གཙོའི་ལམ་ལུགས་ཀྱི་སྒོ་ནས་འོས་འདེམས་བྱས་བའི་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེ་དབྱིངས་ཝན་ལགས་ཀྱིས། ཐེ་ཝན་དེ་བཞིན་རྒྱ་ནག་གི་སྤྱི་མཐུན་རྒྱལ་ཁབ་བམ་(Republic of China)ཞེས་གཞུང་འབྲེལ་གྱི་མིང་ཡོད་པའི་རང་བཙན་རྒྱལ་ཁབ་གཅིག་སྔོན་ཚུད་ནས་ཡིན་སྟབས། སླར་ཡང་རང་བཙན་གསལ་བསྒྲགས་མི་དགོས་པ་བརྗོད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎