གསར་འགྱུར་ཡིག་ཚགས།
2024-07-09
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་དེ་རྣམས་འཕྲལ་དུ་མཚམས་འཇོག་ཡོང་སླད་རེ་སྐུལ་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་ཅིག་ཀྱང་བཞག་ཡོད་འདུག
2024-07-08
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་ནས་ནིའུ་ཡོག་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་ནས་ས་གནས་གཞན་ཞིག་ཏུ་སྐུ་ལྷོད་བཞུགས་ཆེད་ཆིབས་ཐོན་གནང་ཡོད་པ་རེད།
2024-07-08
དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དེ་རིང་ཚེས་༨ ཉིན་རྒྱ་གར་ཇ་མུ་དབུས་གཞུང་མངའ་སྡེ་ནས་མཁའ་ལམ་རྒྱུད་ལ་དྭགས་སུ་ཕེབས་གནང་སོང་།
2024-07-08
སོག་ཡུལ་ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་ཤིང་སྡོང་༡༡༣ འདེབས་འཛུགས་དང་། ར་ལུག་སེམས་ཅན་ ༢༥༠ ཙམ་ཚེ་ཐར་གཏོང་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ།
2024-07-08
ཤྲིལངྐ་རྒྱལ་ཁབ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་དངོས་སུ་ཁ་པར་བཏང་སྟེ། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་འཁྲུངས་སྐར་མཛད་སྒོ་ལ་ཞུགས་མི་ཆོག་པའི་གནོན་ཤུགས་སྤྲད་པ་ཡོད་འདུག
2024-07-06
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པར་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་སྩལ་གནང་བའི་ནང་དབྱིན་ཇིའི་མི་མང་གི་མངོན་འདོད་ཁག་སྒྲུབ་ཐུབ་པའི་སྨོན་འདུན་མཛད་འདུག
2024-07-06
རྒྱ་གར་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་Kailash Satyarthi ལགས་དང་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག རྒྱ་གར་གྱི་བློན་ཆེན་Kirin Rijuji མཆོག།ལ་དྭགས་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་བྱམས་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དབུས་པའི་ཨ་རི་དང་རྒྱ་གར་གྱི་གནད་ཡོད་ཆེས་མཐོའི་མི་སྣ་མང་པོས་དེ་དེ་བཞིན་གྱིས་འཚམས་འདྲི་ཞུས་གནང་འདུག
2024-07-06
མགོན་པོ་གང་ཉིད་མཆོག་གི་བྱམས་བརྩེའི་སྐོར་གྱི་བཀའ་སློབ་དང་། རླབས་ཆེ་བའི་དགོངས་པ་དེ་དག་གང་མང་ཁྱབ་སྤེལ་བྱ་རྒྱུ་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གནང་དགོས་པ་གསུངས་སོང་།
2024-07-06
༸གོང་ས་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་གསུང་འཕྲིན།
2024-07-05
ཉིན་ཤས་གོང་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༩ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་ཚུགས་འདུག
2024-07-05
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐེངས་༥༦པའི་ཚོགས་འདུའི་སྟེང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་གླེང་འདུག
2024-07-05
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་བཞག་དང་དམ་འབུལ་ཞུས་འདུག
2024-07-05
བོད་མི་རིགས་ནི་ལོ་རྒྱུས་ལྡན་པའི་མི་རིགས་ཚད་ལྡན་ཞིག་ཡིན་པས་བོད་རིགས་གཞོན་སྐྱེས་ཚོས་ཆེད་ལས་སྣ་ཚོགས་ཀྱི་ལམ་ནས་སྲུང་སྐྱོབ་གནང་དགོས་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་མཇུག་སྒྲིལ་སྐབས་འབོད་སྐུལ་གནང་སོང་།
2024-07-05
རྒྱ་ནག་གི་ཐད་གཏོང་དང་བརྙན་རྒྱུད་སྤེལ་མཉེན་ཆས་འཁྱུག་དབྱངས་ (Douying 抖音) སྤྱི་ཚོགས་དྲ་ལམ་ནང། བོད་མི་ཚོས་བོད་སྐད་ལམ་ནས་ཚོང་གཉེར་གཙོས་སྤྱིར་བཏང་གི་སྐད་ཆ་བཤད་རྒྱུར་བཀག་འགོག་ཤུགས་ཆེར་བྱེད་བཞིན་པ།
2024-07-04
བོད་ཀྱི་མཐའ་མཚམས་ཁུལ་དུ་གནས་སྡོད་བོད་མི་ཚོ་རྒྱ་ནག་གི་དམག་དཔུང་ནང་འཛུལ་ཞུགས་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་རེ་ཟུང་ལས་འཛུལ་ཞུགས་བྱེད་མཁན་ཡོང་གི་མེད་པ་རེད་འདུག