སྲིད་སྐྱོང་མཆོག་ནས་ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

2024.07.08
སྲིད་སྐྱོང་མཆོག་ནས་ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས། སྲིད་སྐྱོང་མཆོག་ནས་ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།
འཕྲིན་ལས་ཆོས་སྒྲོན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེ་སྔ་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་༥ ནང་ས་གནས་ཀུན་ལ་ཐེངས་གཉིས་རེ་ཕེབས་རྒྱུ་ཡིན་པ་གསུངས་ཡོད་པ་བཞིན། སྲིད་སྐྱོང་མཆོག་གི་སྤྱི་ལོ་༢༠༢༡ ཟླ་༨ ནང་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་ལ་དྭགས་ས་གནས་སུ་གནང་ཡོད་པ་དང་ད་ལེན་སྲིད་སྐྱོང་མཆོག་ལ་དྭགས་ས་གནས་ལ་ཕེབས་པ་དེ་སྲིད་སྐྱོང་མཆོག་གི་འཚམས་གཟིགས་གཉིས་པ་དེ་འགོ་འཛུགས་གནང་བ་ཞིག་ཡིན་པ་རེད། 

སྲིད་སྐྱོང་མཆོག་གི་ས་གནས་སུ་མཛད་འཆར་གནང་རྒྱུའི་ནང་ལ་དྭགས་རྒྱལ་ས་གླེ་དང་བྱང་ཐང་ཁག་འདྲ་མིན་དུ་བཞུགས་པའི་ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་གཞིས་མི། དགོན་པ་དང་སློབ་གྲྭ དེ་བཞིན་སྨན་ཁང་བཅས་ལ་འཚགས་གཟིགས་གནང་བ་དང་མཉམ་གཞན་ལ་དྭགས་དབུས་གཞུང་མངའ་སྡེའི་ས་གནས་འཛིན་སྐྱོང་གི་སྡེ་ཚན་ཁག་གི་དབུ་ཁྲིད་དང་དམིགས་བསལ་མཇལ་འཕྲད་གནང་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་འབྲེལ་བ་དམ་ཟབ་གཏོང་རྒྱུ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་གནང་སོང་།

ཡང་སྲིད་སྐྱོང་མཆོག་གི་ལ་དྭགས་ས་གནས་སུ་ཉིན་དང་པོའི་མཛད་འཆར་ནང་ལ་སྤྱི་ལས་ཁུངས་གཙོའི་གཞུང་འབྲེལ་གྱི་སྡེ་ཚན་སོ་སོར་འཚམས་གཟིགས་ཕེབས་གནང་སོང་བ་དང་། མཛད་འཆར་ནང་ལ་དྭགས་བོད་ཁྱིམ་སློབ་གྲྭ་གཙོས་རྒན་གསོ་ཁང་དང་། ཡན་ལག་སློབ་གྲྭ ལ་དྭགས་གླེ་རྒྱལ་ས་རུ་བཞུགས་པའི་རྒྱ་ཤོག་ཁག་འདྲ་མིན། ཡང་བོད་པའི་དགོན་ཁག་འདྲ་མིན་དང་སྨན་ཁང་ཡང་འབྲེལ་ཡོད་སྡེ་ཚན་འདྲ་མིན་དུ་འཚམས་གཟིགས་གནང་རྒྱུ་ཡིན་པ་མ་ཟད། ཡང་མི་མང་། སློབ་གྲྭའི་སློབ་ཕྲུག་དང་དགེ་རྒན་དང་འབྲེལ་ཡོད་ཁག་ལ་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡང་འདུག།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎