གསར་འགྱུར་ཡིག་ཚགས།
2022-03-26
བཞུགས་སྒར་དུ་བསྐོང་ཚོགས་གནང་བའི་རྩོམ་རིག་དུས་སྟོན་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་ཅེས་གསུང་འཕྲིན་ནང་བཀའ་གནང་ཡོད་པ།
2022-03-25
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་མཉམ་འབྲེལ་གྱིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག་ཀྱང་རྗེས་སུ་གློད་གྲོལ་བཏང་འདུག
2022-03-25
ཁོ་མོར་ཕྱི་ལོ་༢༠༢༠ཟླ་༥པའི་ནང་ཆུ་དམར་ལེབ་རྫོང་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་ར་ཚོགས་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ།
2022-03-24
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་དུ་འབྱོར་ཡོད་པ་དང་དེའི་རྗེས་བལ་ཡུལ་དུ་སྐོར་བསྐྱོད་བྱེད་འཆར་གྱི་དམིགས་ཡུལ་གཙོ་བོ་ནི་བལ་ཡུལ་ནང་ཨ་རིའི་ཤུགས་རྐྱེན་འགོག་ཐབས་ཀྱི་ཆེད་དུ་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག
2022-03-24
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱ་གར་ནང་ཕྱི་ལོ་༢༠༢༢ལོའི་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་གོ་སྒྲིག་གནང་གི་འདུག་ལ་དེ་ནི་ཚོགས་པ་དེའི་གོ་སྒྲིག་གནང་བ་ཐོག་མ་ཆགས་ཀྱི་ཡོད་འདུག
2022-03-24
གློ་ནད་ཊི་སྦི་རྩ་འགོག་གི་ལས་གཞིས་ཧི་མ་ཅལ་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་ནང་གློ་ནད་ཊི་སྦི་བརྒྱ་ཆ་བརྒྱད་ཅུ་ཇེ་ཉུང་ལ་བཏང་ཐུབ་པ་བྱུང་འདུག
2022-03-24
བོད་ཀྱི་ཆབ་སྲིད་བཙོན་ཟུར་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་དགུང་གྲངས་༨༦སྟེང་ལྷ་སར་ཉེ་ལམ་སྤྱི་ཟླ་དང་པོའི་ནང་སྐུ་གཤེགས་ཡོད་ཀྱང་རྒྱ་ནག་གཞུང་གིས་གདུང་མཇལ་སོགས་ཀྱི་ཐད་དམ་དྲག་བྱས་ཡོད་འདུག
2022-03-23
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ཞེ་དགུ་པའི་ཐོག་ཚོགས་ཞུགས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དང་མཉམ་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་ལ་གུས་བརྩི་ཞུ་དགོས་པ་ནན་བརྗོད་གནང་འདུག
2022-03-23
༧གོང་ས་མཆོག་གི་དགོངས་གཞི་ལྟར་ཕན་སེམས་དང་བྱམས་བརྩེའི་སྒོ་ནས་གཞན་ལ་ཕན་བདེ་སྒྲུབ་རྒྱུ་གལ་ཆེ་ཡིན་པ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་གསུངས་འདུག
2022-03-23
སྤྱི་འཐུས་གྲོས་ཚོགས་ནང་ལབ་གླེང་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ཕྱི་ལོ་༢༠༢༢ནས་༢༠༢༣ བར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་གྱི་སྔོན་རྩིས་གཏན་འབེབས་གནས་སྐབས་ཕར་འགྱངས་གནང་དགོས་བྱུང་འདུག
2022-03-23
ད་ལྟའི་ཆར་ཁོང་ཚོ་ས་གནས་གང་ཞིག་ཏུ་ཡོད་དང་། སྐུ་གཟུགས་འཕྲོད་བསྟེན་གནས་སྟངས་ག་འདྲ་ཆགས་ཡོད་པའི་སྐོར་ཤེས་རྟོག་ཐུབ་ཀྱི་མེད་འདུག
2022-03-22
ཆོས་དབྱིངས་སྐྱིད་ལགས་སུ་ཕྱི་ལོ་༢༠༡༢ལོའི་ལོན་ཌོན་ཨོ་ལིམ་པིཀསི་རྩེད་འགྲན་གྱི་འདུར་རྒྱུག་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་རིམ་འཕར་ཁ་གསབ་བྱས་ཏེ་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་བོད་མི་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ་ཐོག་མ་གྱུར་འདུག
2022-03-22
བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐད་གྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཐོག་བཞག་གནང་སོང་།
2022-03-22
ནང་པ་སངས་རྒྱས་པའི་ཆོས་ལ་རྒྱུས་མངའ་དང་བོད་ཀྱི་རིག་གཞུང་སློབ་གཉེར་ཆེད་སོག་ཡུལ་ནས་གཞོན་སྐྱེས་གཙོས་མི་གྲངས་༥༢རྡ་རམ་སཱ་ལར་ཕེབས་འདུག
2022-03-22
སྔར་ལོའི་ཕྱི་ཟླ་༡༡ནང་རྒྱ་ནག་ནང་དུ་བཀོལ་སྤྱོད་ཆེ་བའི་སྐད་ཡིག་མཉེན་ཆས་Talkmateདང་Bilibiliཞེས་པ་གཉིས་ཀྱི་ནང་ནས་བོད་ཡིག་དང་ཡུ་གུར་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཡོད་པ་རེད།