བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་གོ་སྒྲིག་གནང་རྒྱུ་རེད།

2022.03.24
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་གོ་སྒྲིག་གནང་རྒྱུ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་གོ་སྒྲིག་གནང་རྒྱུའི་ཡིག་གེ
TNSA

ཀོ་ནི་ཧྥ་(CONIFA)་ཞེས་པའི་སྒྲིག་འཛུགས་ཀྱིས་(FIFA)་འམ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་སྒྲིག་ཁོངས་སུ་ངོས་འཛིན་མེད་པའི་ས་ཁོངས་དང་རྒྱལ་ཁབ། དེ་བཞིན་གྲངས་ཉུང་མི་རིགས་བཅས་པར་རྒྱལ་སྤྱིའི་ཐོག་རྩེད་འགྲན་གྱི་གོ་སྐབས་བསྐྲུན་རྒྱུའི་ལས་དོན་གྱི་ཆ་ཤས་སུ་ འདི་ལོའི་(CONIFA)་རྒྱལ་སྤྱིའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་གོ་སྒྲིག་གནང་མཁན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་ཐོབ་ཡོད་པ་དང་། དེ་ནི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་གོ་སྒྲིག་གནང་བ་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཀོ་ནི་ཧྥ་རྩེད་འགྲན་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༢༢ལོའི་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་དགོས་པའི་བརྡ་འཕྲིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་འབྱོར་ཡོད་པའི་ནང་། ཀོ་ནི་ཧྥ་བུད་མེད་རྐང་སྤོལ་མཐུན་ཚོགས་ཀྱིས། ང་ཚོས་བོད་མི་ཡོངས་དང་ལྷན་དུ་འཛམ་གླིང་ལ་བོད་ཀྱི་མཛེས་སྡུག་དང་ལོ་རྒྱུས། རིག་གཞུང་དང་ཡུལ་སྲོལ་སོགས་ངོ་སྤྲོད་བྱ་རྒྱུ་ཙམ་དུ་མ་ཟད། བོད་ཀྱི་རིག་གཞུང་དང་ཡུལ་སྲོལ། ལོ་རྒྱུས་སོགས་བརྒྱུད་ནས་མི་ཚང་མར་འཛམ་གླིང་འདི་སྔར་ལས་ལྷག་པའི་གནས་སྟངས་བཟང་ཕྱོགས་སུ་བསྐྱོད་རྒྱུར་ཕན་ཐོག་ཡོང་རྒྱུའི་རེ་བ་ཡོད། ལྷག་པར་རྩེད་འགྲན་དང་མཉམ་འདི་ལོའི་ཕྱི་ཟླ་༧ཚེས་༦ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དེའང་སྲུང་བརྩི་ཞུ་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཅེས་འཁོད་ཡོད་པས། ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་དེ་འདི་ལོའི་ཕྱི་ཟླ་༧ཚེས་༡ནས་༦བར་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ནང་གོ་སྒྲིག་ཞུ་འཆར་ཡོད། ཡིན་ན་ཡང་ས་གནས་གང་དུ་འཚོགས་རྒྱུ་ཡིན་མིན་ད་དུང་ཐག་གཅོད་གནང་རྒྱུ་ཡིན་ཅེས་དང་། ད་རེས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱེད་རྒྱུའི་གོ་སྐབས་ཐོབ་པ་ནི། རྒྱལ་སྤྱིའི་ཀོ་ནི་ཧྥ་རྩེད་འགྲན་ཚོགས་པ་དང་གྲོས་བསྡུར་རིམ་པ་བྱས་བ་བརྒྱུད་གོ་སྒྲིག་གི་གོ་སྐབས་བྱུང་བ་ཐོག་མ་ཡིན། འདི་ལོའི་རྒྱལ་སྤྱིའི་རང་བཞིན་གྱི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་བོད་ཀྱི་ཚབ་མཚོན་རྐང་སྤོལ་རུ་ཁག་གཅིག་དང་། གཞན་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་རུ་ཁག་བཅས་ཁྱོན་རུ་ཁག་བརྒྱད་མཉམ་ཞུགས་གནང་གི་ཡོད་འདུག
ཀོ་ནི་ཧྥ་རྐང་སྤོལ་མཐུན་ཚོགས་(Confederation of Independent Football Associations)ནི། ཐོག་མར་ཕྱི་ལོ་༢༠༡༣ལོའི་ཟླ་༦ཚེས་༧ཉིན། ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཀྱི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྐང་སྤོལ་རུ་ཁག་རྣམས་ལ་དམིགས་ཏེ་འགོ་བརྩམས་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་དེ་ཕྱི་ལོ་༢༠༡༤ལོར་སི་ཝེ་ཌན་དུ་ཚོགས་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོར་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་དེ་བཞིན་མཐུན་ཚོགས་དེས་གོ་སྒྲིག་བྱས་པའི་རྐང་སྤོལ་རྩེད་འགྲན་ནང་ཞུགས་མྱོང་ཡོད་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎