མཚོ་སྔོན་གྱི་མི་གྲངས་༥༠༠ལྷག་ལ་བོད་དོན་སོཊ་ཀྱི་ཉེས་ཆད་ཕོག་པ།
2015.01.28
བོད་རིཊ་ལས་བྱེད་གསུམ་གུང་ཁྲན་ཚོགས་པ་ནས་ཕྱིར་ཕུད་དང་མང་པོར་གནད་དོན་འདྲ་མིན་གྱི་ཉེས་ཆད་ཕོག་འདུག
དེ་ཡང་རྒྱ་ནག་དབུས་རྟོགས་ཞིབ་ཚོགས་པས་རྟོགས་ཞིབ་ཐེངས་གཉིས་པ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ནས་འགོ་ཁྲིད་དང་ལས་བྱེད་པ་མི་གྲངས་༢༧༧ལ་ཉེས་ཆད་བཅད་པ་དང་། རང་སྐྱོང་ཁུལ་དང་ཞིང་ཆེན་རིམ་པའི་ལས་བྱེད་པ་བཅུ་འཛིན་བཟུང་བྱས་ཡོད་འདུག དེ་ནི་སྤྱི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར། མཚོ་སྔོན་ཞིང་ཆེན་གྱི་དབུས་རྟོགས་ཞིབ་ཚོགས་པའི་རྟོགས་ཞིབ་ཐེངས་གཉིས་པར་ལྡོག་ཕྱོཊ་ཀྱི་ལན་རྒྱབ་པའི་བསམ་འཆར་དག་ཐེར་བྱས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་དེ་ཐེངས་གཉིས་པའི་རྟོགས་ཞིབ་བྱེད་ས་༡༣ གྱི་ནང་ལྡོག་ལན་བསམ་འཆར་ཡོངས་བསྒྲགས་བྱས་པའི་ཞིང་ཆེན་དང་པོར་གྱུར་ཡོད་སྐོར་དང་། ཡང་འགོ་ཁྲིད་དང་ལས་བྱེད་པས་ཁྲིམས་འགལ་གྱིས་དབང་ཆ་བེད་སྤྱོད་ལོག་པར་བཏང་ཡོད་ཚུལ་སོགས་བཏོན་ཡོད་པ་ལས། ལྷག་པར་དུ་ཐེངས་འདིའི་དག་ཐེར་ཁྲོད་གྲངས་ཉུང་མི་རིགས་ཀྱི་གུང་ཁྲན་ཚོཊ་པའི་ཚོཊ་མི་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་དམན་པའི་གནད་དོན་ལ་དམིགས་ནས་བོད་དོན་དང་འབྲེལ་བའི་དོན་རྐྱེན་སློང་མཁན་གྱི་ཏང་ཡོན་ཉུང་ཤོས་ལ་ཆད་པ་བཅད་ཅིང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བསམ་བློའི་གོ་རྟོགས་དམན་པའི་ཏང་ཡོན་ལས་བྱེད་པར་སྐྱོན་བརྗོད་དང་བསླབ་བྱ་བཏང་བ། འདས་པའི་ལོ་གཅིག་གི་ནང་མཚོ་སྔོན་ཞིང་ཆེན་ཡོངས་ནས་གུང་ཁྲན་ཚོཊ་མི་༥༨༣ལ་རིམ་པ་འདྲ་མིན་གྱི་ཉེས་ཆད་བཅད་ཡོད་པ་དང་། བོད་དོན་སྐོར་ནས་བྱུང་བའི་དོན་རྐྱེན་ལ"ཕྱིར་ལྟ"བྱས་པ་ཞེས་པའི་ལས་འགུལ་ནང་། བོད་དོན་ཆེད་བོད་མི་ལྔ་ཡིས་རང་ལུས་མེར་བསྲེགས་གནང་སའི་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཞང་གི་སྡེ་བ་༥་པའི་གུང་ཁྲན་ཏང་གི་ལས་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱས་པའི་ནང་གུང་ཁྲན་ཏང་གི་ལས་བྱེད་ཡིན་པ་བོད་མི་སྒྲོལ་མ་སྐྱབས་དང་། རྒྱ་རྡོ། ལོ་བརྒྱ་བཅས་ཆད་པ་ཡང་མོ་བཅད་པའི་འགོ་ཁྲིད་ལས་བྱེད་པ་གསུམ་གུང་ཁྲན་ཚོཊ་པ་ནས་ཕྱིར་ཕུད་ཡོད་པ་མ་ཟད་ཆད་པ་བཅད་ཡོད་འདུག
གསར་འགོད་པ་རྡོ་རྗེ་འཚོ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་ལྕགས་མོ་འཚོས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ལྕགས་མོ་འཚོ།