ཤྲི་ལང་ཀའི་རྩེད་འགྲན་པའི་ཐོག་འཇབ་རྒོལ་བ་བཙལ་ཆོད།

པ་ཀི་སི་ཏན་གཞུང་ཕྱོགས་ནས་ད་རེས་ཉེ་ཆར་ཤྲི་ལང་ཀའི་ཀི་རི་ཀེཏ་རྩེད་མཁན་ཚོ་ལ་འཇབ་རྒོལ་བྱས་མཁན་སུ་ཡིན་བཙལ་ཆོད་ཐུབ་ཡོད་པ་རེད།

2009.03.05

༄༅༎པ་ཀི་སི་ཏན་གཞུང་ཕྱོགས་ནས་ད་རེས་ཉེ་ཆར་ཤྲི་ལང་ཀའི་ཀི་རི་ཀེཏ་རྩེད་མཁན་ཚོ་ལ་འཇབ་རྒོལ་བྱས་མཁན་སུ་ཡིན་བཙལ་ཆོད་ཐུབ་ཡོད་པ་རེད་འདུག

དེའང་ད་རེས་རེས་གཟའ་ཕུར་བུའི་ཉིན་པ་ཀི་སི་ཏན་གྱི་གཞུང་ཕྱོགས་དཔོན་རིགས་རྒན་གྲས་ཤིག་ནས་ད་རེས་བདུན་ཕྲག་དེའི་ནང་ཤྲི་ལང་ཀའི་ཀི་རི་ཀེཏ་རྩེད་མཁན་ཚོགས་པ་དེ་ལ་འཇབ་རྒོལ་བྱེད་པའི་དོན་རྐྱེན་དེའི་ཐོག་འགན་ཁྲི་ཡོད་པའི་མི་སྣ་དེ་ཚོ་བཙལ་ཆོད་ཐུབ་ཟིན་ཡོད་པར་གསུངས་འདུག

དེའང་ད་རེས་གཟའ་འཁོར་འདིའི་རེས་གཟའ་མིག་དམར་ཉིན་ཤྲི་ལང་ཀའི་ཀི་རི་ཀེཏ་རྩེད་མཁན་ལུས་རྩལ་བ་ཚོ་དང་དེ་བཞིན་ཁོང་ཚོར་སྲུང་སྐྱོབ་བྱེད་མཁན་ཉེན་རྟོག་པ་ཚོ་བཞུགས་པའི་རླངས་འཁོར་དེ་པ་ཀི་སི་ཏན་གྱི་ལ་ཧོར་ལུས་རྩལ་ཁང་དུ་བསྐྱོད་སྐབས་གློ་བུར་དུ་འཇབ་རྒོལ་བྱེད་མཁན་བྱུང་སྟེ་ཤྲི་ལང་ཀའི་ལུས་རྩལ་པ་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་དེ་མིན་སྲུང་སྐྱོབ་ཉེན་རྟོག་པ་མི་སྣ་དྲུག་དང་དེ་བཞིན་རླངས་འཁོར་གཏོང་མཁན་ཁ་ལོ་བ་དེ་བཅས་ཁྱོན་པ་ཀི་སི་ཏན་གྱི་མི་བདུན་ཚེ་སྲོག་ཤོར་ཡོད་པ་རེད་འདུག གནས་ཚུལ་དེ་ཐོན་རྗེས་ད་རེས་རེས་གཟའ་ཕུར་བུའི་སྔ་དྲོ་པ་ཀི་སི་ཏན་གྱི་འབྲེལ་ཡོད་ཉེན་རྟོག་ཚན་པ་ཞིག་ནས་ཐེངས་དེའི་འཇབ་རྒོལ་གྱི་དོན་རྐྱེན་དེ་བརྩམས་མཁན་མི་སྣ་བཞིའི་དཔར་རིས་འགྲེམས་སྤེལ་བྱས་ཡོད་པ་རེད་འདུག་ལ་ཡང་དེ་ནས་དོན་རྐྱེན་ཐོན་ཡུལ་གྱི་ས་གནས་དེའི་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་མཚན་ལ་སཱལ་མའན་ཏ་སིར་ཞུ་བ་ཞིག་ནས་ད་ཆ་གཞུང་ཕྱོགས་ནས་ད་རེས་ཀྱི་འཇབ་རྒོལ་དོན་རྐྱེན་དེའི་ཐོག་འགན་ཡོད་པའི་མི་སྣ་ཚོ་སུ་ཡིན་མིན་མཁྱེན་གྱི་ཡོད་པར་གསུངས་འདུག་ལ་ད་རེས་ཀྱི་གསར་དུ་ཐོན་པའི་དོན་རྐྱེན་དེའི་ཐོག་ནས་མི་ཚོར་པ་ཀི་སི་ཏན་ནང་ཁ་ཆེའི་དྲག་སྤྱོད་པའི་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་ཇི་ཆེར་འགྲོ་བཞིན་པའི་ཚབས་ཆེའི་གནས་ཚུལ་དེ་ཚོའི་ཐོག་པ་ཀི་སི་ཏན་གཞུང་ཕྱོགས་ཀྱི་ཐག་གཅོད་ནུས་པར་སླར་ཡང་སེམས་འཚབ་ཡོང་གི་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎