རྒྱ་གར་གྱིས་ཤྲི་ལང་ཀར་བཟའ་འབྲུ་དང་སྨན་སོགས་ཀྱི་རོགས་རམ་བྱེད་བཞིན་པ།

2022.12.27
རྒྱ་གར་གྱིས་ཤྲི་ལང་ཀར་བཟའ་འབྲུ་དང་སྨན་སོགས་ཀྱི་རོགས་རམ་བྱེད་བཞིན་པ།
ཨེ་པི།

དེ་ཡང་འདི་ལོའི་འགོ་སྟོད་དུ་ཤྲི་ལང་ཀར་མི་ལོ་བཅུ་ཕྲག་བདུན་ཙམ་ཀྱི་རྗེས་སུ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་ནས་རྡོ་སྣུམ་དང་བཟའ་འབྲུ། སྨན་སོགས་མི་ལྡེངས་པའི་དཀའ་ངལ་ཤུགས་ཆེ་འཕྲད་སྐབས་རྒྱ་གར་གྱིས་ཨ་རིའི་ཌོ་ལར་ཐེར་འབུམ་བཞི་ཙམ་ཀྱི་རོགས་རམ་ཧ་ཅང་མྱུར་པོའི་ཐོག་ནས་གནང་ཡོད་པ་དང་། དེ་ཡང་འདི་ལོའི་ཕྱི་ཟླ་༡ནས་པའི་བར་རྒྱ་གར་གྱིས་དངུལ་བརྗེས་དང་། བུན་གཡར། དངོས་ཟོག་རྒྱ་གར་ནས་ནང་འདྲེན་བྱས་པ་རྣམས་ལ་འཕྲལ་དུ་དངུལ་སྤྲོད་མི་དགོས་པར་དུས་ཚོད་ཕྱི་བཤོལ་བྱས་ན་སྒྲིགས་པ་སོགས་ཐབས་ལམ་སྣ་ཚོགས་ཐོག་ནས་ཁྱོན་ཨ་སྒོར་ཐེར་འབུམ་༤ཙམ་ཀྱི་རོགས་རམ་གནང་ཡོད་པ་རེད།
མི་འབོར་ས་ཡ་༢༢ཙམ་ཡོད་པའི་ཤྲི་ལང་ཀའི་ཡུལ་དེར་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཨ་སྒོར་ཐེར་འབུམ་༢ དང་ཚགས་༩ཡི་བུན་གཡར་རོགས་དངུལ་གནང་ནས་ད་ཆ་ཡུལ་དེའི་དཔལ་འབྱོར་སྲ་བརྟན་ཆགས་བཞིན་ཡོད་འདུག རྒྱ་གར་གཞུང་གིས་ཤྲི་ལང་ཀའི་ནང་དུས་རིང་མ་གཙུག་གནང་ནས་ཤྲི་ལང་ཀའི་ཐོག་རྒྱ་ནག་གི་ཤུགས་རྐྱེན་ཡོད་བཞིན་པ་དེར་ཁ་གཏད་བྱ་རྒྱུའི་དམིགས་ཡུལ་འཛིན་ཀྱི་ཡོད་ལུགས་གཞུང་གི་བློན་ཆེན་དང་ གནས་ཚུལ་འབྱུང་ཁུངས་གསུམ་གྱིས་བཤད་བཞག
ཤྲི་ལང་ཀའི་ཕྱི་འབྲེལ་བློན་ཆེན་Ali Sabry མཆོག་གིས་ད་ལྟའི་འཆར་རྒྱ་གར་གྱིས་མ་འཛུགས་གནང་ཕྱོགས་ལ་བལྟ་བཞིན་ཡོད། རྒྱ་གར་གྱིས་མ་འཛུགས་ག་ཚོད་གནང་ཐུབ་ཐུབ་གནང་འདོད་འདུག་ལ། དེ་ནི་ཕལ་ཆེར་ཐབས་ཇུས་ཀྱི་ཐོག་ནས་རྒྱ་གར་གྱིས་བདེ་སྲུང་ཐོག་ཐུགས་འཚབ་གནང་གི་ཡོད་པའི་ཆ་ནས་ཡིན་སྲིད་ཀྱི་རེད་ཅེས་གསུངས་བཞག རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ལས་ཁང་ལ་ཐབས་ཇུས་ཀྱི་དམིགས་ཡུལ་དང་འཆར་གཞི་སོགས་ཀྱི་ཐད་རོཡི་ཀྲར་གསར་ལས་ཁང་གིས་བཀའ་འདྲི་ཞུས་ཀྱང་ ལན་འདེབས་གང་ཡང་གནང་མིན་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎