པ་ཀིསི་ཐན་ནང་ཆུ་ལོག་གིས་མི་༨༠༠ལྷག་འདས་གྲོངས་སུ་གྱུར་བ།

པ་ཀིསི་ཐན་ནང་ཆུ་ལོག་གི་རྐྱེན་པས་མི་གྲངས་༨༠༠སྐོར་འདས་གྲོངས་སུ་ཕྱིན་ཡོད་པ་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་བྱས་འདུག

2010.07.31

༄༅༎པ་ཀིསི་ཐན་ནང་ཆུ་ལོག་གི་རྐྱེན་པས་མི་གྲངས་༨༠སྐོར་འདས་གྲོངས་སུ་ཕྱིན་ཡོད་པ་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་བྱས་ཡོད་ཅིང་ གཞུང་ཕྱོགས་ནས་ཉེན་སྐྱོབ་ཀྱི་ལས་དོན་མུ་འཐུད་སྤེལ་མུས་ཡིན་འདུག་ལ་ ཆུ་ལོག་གི་གོད་ཆགས་ཕོགས་ཡུལ་ས་ཁུལ་དེ་དག་ནང་མི་མང་པོ་ཞིག་ལ་ ཚ་བ་དང་ བཤལ་ནད་ལ་སོགས་པ་ཆུའི་ནད་རིགས་མང་པོ་ཞིག་ཕོག་བཞིན་ཡོད་འདུག།

ཆུ་ལོག་གི་གོད་ཆགས་ཕོག་ཡུལ་གཙོ་བོ་ནི་པ་ཀིསི་ཐན་གྱི་ནུབ་བྱང་མངའ་སྡེའི་ནང་ཡིན་ཞིང་ གཞུང་ཕྱོགས་ནས་གསལ་བཤད་བྱས་པར་གཞིགས་ན་ འདི་ལོའི་ཆུ་ལོག་ནི་ཕྱི་ལོ་༡༩༢༩འི་རྗེས་ཀྱི་ཆུ་ལོག་ཆེ་ཤོས་དེ་ཡིན་འདུག་ལ་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་ཆུ་ལོག་ནི་དབྱར་ཁའི་ཆར་དུས་སྐབས་ཆར་པ་ཧ་ལས་པའི་ཆེན་པོ་བབས་པའི་རྐྱེན་གྱིས་ཡིན་པ་དང་ ཁྱོན་བསྡོམས་མི་གྲངས་ས་ཡ་གཅིག་ཙམ་ལ་ཆུ་ལོག་གིས་གོད་ཆགས་ཕོག་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

པ་ཀིསི་ཐན་གྱི་ནུབ་བྱང་མངའ་སྡེའི་དྲིལ་བསྒྲགས་བློན་ཆེན་མིཡན་ཨིཕ་ཏི་ཀར་ཧུ་སེན་གྱིས་མངའ་སྡེའི་ས་གནས་འདྲ་མིན་ནས་གནས་ཚུལ་ཕྱོགས་བསྡུས་བྱུང་བར་གཞིགས་ན་ ད་བར་མི་གྲངས་༨༠༠ཙམ་ཆུ་ལོག་གི་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་འདུག་ལ་ ད་དུང་ཡང་མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎