རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་པ་ཀིས་ཐན་ལ་གཟིགས་སྐོར།


2015.04.20
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་པ་ཀིས་ཐན་ལ་གཟིགས་སྐོར་སྐབས། ༢༠༡༥།༤།༢༠ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་པ་ཀིས་ཐན་ལ་གཟིགས་སྐོར་སྐབས། ༢༠༡༥།༤།༢༠
AFP

རྒྱ་ནག་དང་པ་ཀིས་ཐན་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་༤༦་གནས་པའི་ཚོང་འབྲེལ་ཁག་ལ་ས་རྟགས་བཀོད་འཆར་ཡོད་པ།
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྤྱི་ཚེས་༢༠ནས་བཟུང་ཉིན་གྲངས་གཉིས་རིང་པ་ཀིས་ཐན་ལ་གཟིགས་སྐོར་གནང་རྒྱུ་དང་། སྐབས་དེར་ཡུལ་གྲུ་གཉིས་དབར་ཨ་སྒོར་ཐེར་འབུམ་༤༦་གནས་པའི་ཚོང་འབྲེལ་ཁག་ལ་ས་རྟགས་བཀོད་འཆར་ཡོད་ཅིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་པ་ཀིས་ཐན་ལ་མ་ཕེབས་གོང་ལ་ཡུལ་དེའི་གསར་ཤོག་ཅིག་ནང་རྩོམ་བྲིས་ཤིག་སྤེལ་ཏེ་ཁོང་གིས་པ་ཀིས་ཐན་ནང་གཟིགས་སྐོར་གནང་བ་ད་རེས་ཐོག་མ་དེ་ཡིན་པ་དང་། གཟིགས་སྐོར་དེ་ནི་རང་ཉིད་ཀྱི་གཅེན་པོའི་ནང་འགྲོ་གིན་ཡོད་པའི་ཚོར་བ་ཡོང་གི་ཡོད་ལུགས་བརྗོད་འདུག་ལ་གཟིགས་སྐོར་འདིའི་སྐབས་ལ་པ་ཀིས་ཐན་གྱི་དཔོན་རིགས་ཚོ་དང་ལྷན་དུ་ཡུལ་གྲུ་ཕན་ཚུན་གྱི་འབྲེལ་ལམ་ཐད་ཞིབ་འཇུག་བྱ་རྒྱུ་དང་། ཡུལ་གྲུ་གཉིས་ནས་དཔལ་འབྱོར་འབྲེལ་ལམ་ཡར་རྒྱས་ཆེན་པོ་གཏོང་རྒྱུ། དེ་བཞིན་ལས་དོན་གཞན་ཁག་གི་ཐོག་ལ་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་ལུགས་ཀྱང་བརྗོད་འདུག སྲིད་འཛིན་ཞི་ཅིན་ཕིན་གྱིས་པ་ཀིས་ཐན་ནང་གཟིགས་སྐོར་བསྐྱོད་པ་ད་རེས་ཐེངས་དང་པོ་དེ་ཡིན་པ་རེད་ལ་ཡང་དེ་ནི་ཞི་ཅིན་ཕིན་གྱིས་ཕྱི་ལོ་༢༠༡༥་ལོའི་ནང་ཕྱིའི་རྒྱལ་ཁབ་ལ་གཟིགས་སྐོར་ཕེབས་པ་ཡང་ཐེངས་མ་དང་པོ་དེ་ཡིན་པ་རེད། གོང་ཞུས་ལྟར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དེ་རིང་གཟའ་ཟླ་བ་དང་སང་ཉིན་གཟའ་མིག་དམར་ཉིན་གཉིས་རིང་པ་ཀིས་ཐན་ནང་གཟིགས་སྐོར་གནང་སྐབས་ཡུལ་དེའི་སྲིད་འཛིན་Mamnoon Hussainམཆོག་དང་། སྲིད་བློན་Nawaz Sharifདབུས་པའི་ཆེས་མཐོའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་མོལ་གནང་རྒྱུ་མ་ཟད། རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུས་ཀིས་ཐན་གྱི་མཚོ་ཁའི་གྲོང་ཁྱེར་Gwadarབརྒྱུད་ནས་པ་ཀིས་ཐན་གྱིས་དབང་བསྒྱུར་འོག་ཡོད་པའི་ཀ་ཤི་མིར་དང་འབྲེལ་མཐུད་བྱ་རྒྱུའི་ལས་གཞིའི་སྐོར་ལ་ཡང་བཀའ་མོལ་འགོ་འཛུགས་གནང་འཆར་ཡོད་པ་དང་། པ་ཀིས་ཐན་ནང་འཚམས་གཟིགས་ཀྱི་རྗེས་སུ་ཨིན་གྲོ་ནི་ཤི་ཡའི་གྲོང་ཁྱེར་Bandungནང་འཚོགས་རྒྱུའི་ཨེ་ཤི་ཡ་དང་ཨ་ཕེ་རི་ཀའི་ཚོགས་ཆེན་ལ་ཕེབས་འཆར་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎