པ་ཀི་སི་ཐན་ནང་བཟའ་ཟླ་འཚོལ་མཁན་ཞིག་འཇུ་བཟུང་བྱས་བ།


2016.04.04
པ་ཀི་སི་ཐན་ནང་གཉེན་སྟོན་བྱེད་སྟངས་ཞིག། པ་ཀི་སི་ཐན་ནང་གཉེན་སྟོན་བྱེད་སྟངས་ཞིག།
དྲ་བཤུས

པ་ཀི་སི་ཐན་ནང་བཟའ་ཟླ་འཚོལ་མཁན་ར་ཤི་ཡའི་མི་སེར་ཞིག་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག།
དེ་ཡང་གནས་ཚུལ་ཐོན་གསལ་ལྟར་ན། ར་ཤི་ཡའི་རྒྱལ་ས་མོ་སུ་ཀོ་ནས་ཡིན་པའི་ཕོ་སར་རང་ལོ་༢༨་ལ་སླེབས་པ་ཨ་པེལ་གྷནྶེ་ཝི་ཆེ་སེ་ལོབ་(Apelgans Viacheslov)ཡིས། པ་ཀི་སི་ཐན་གྱི་བྱང་ཕྱོཊ་ཆིཐ་རལ་(Chitral)ཁུལ་ལ་གྱང་ངོས་སུ་ཁྱབ་བསྒྲགས་ཡི་གེ་སྦྱར་ནས། ས་གནས་དེའི་བེུད་གཅིག་དང་གཉེན་སྒྲིག་བྱ་རྒྱུ་ནི་རང་ཉིད་ཀྱི་མི་ཚེའི་ནང་གི་རྨི་ལམ་ཡིན་པས།  སུས་ང་ལ་མནའ་མ་འཚོལ་རོགས་དང་ཡང་ན་གཉེན་སྒྲིག་བྱས་ཚེ་རྔན་པ་པ་ཀི་སེ་ཐན་གྱི་སྒོར་མོ་ས་ཡ་གཅིག་གམ་ཨ་སྒོར་དགུ་སྟོང་ལྔ་བརྒྱ་ལྔ་བཅུ་ཐམ་པ་སྤྲོད་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་ས་གནས་ཀྱི་ཉེན་རྟོག་སྤྱི་ཁྱབ་ཨ་སིཕ་ཨིཁ་བྭལ་(Assif Iqbal)གྱིས་འགྲེལ་བརྗོད་གནང་འདུག།  
ད་དུང་ཁྱབ་བསྒྲགས་དང་མཉམ་རང་ཉིད་ཀྱི་པར་དང་། ཁོ་བོ་ཁ་ཆེའི་ཆོས་སུ་བསྒྱུར་ཟིན་པའི་ལོ་རྒྱུས་ཆོས་མིང་གསར་པ་ཏུ་རུདྷ་ཨ་ལི་(Turud Ali)ཡིན་ཚུལ། མ་ཟད་འབྲེལ་བ་བྱེད་ཡུལ་ས་གནས་ཀྱི་མགྲོན་ཁང་གི་ཁ་བྱང་སོགས་ཡང་བཀོད་ཡོད་འདུག།  
དོ་བདག་ས་གནས་སུ་འབྱོར་སྐབས་ཉེན་སྲུང་ལས་ཁུངས་སུ་ངོ་འབྱོར་ཞུས་མེད་པར་བརྟེན་ཁོང་འཛིན་བཟུང་བྱས་ཡོད་འདུག། དོ་བདག་ས་གནས་སུ་སྔ་ལོ་ཕྱི་ཟླ་༡༢་པའི་ནང་སླེབས་ཡོད་འདུག། ས་གནས་གསང་བའི་ལས་ཁུངས་ཀྱི་དོ་བདག་ལ་འདྲི་རྩད་བྱེད་མུས་ཡིན་ལུཌ་མིང་འདོན་འདོད་མེད་པའི་གསང་བའི་དཔོན་རིགས་ཤིག་གིས་འགྲེལ་བརྗོད་གནང་ཡོད་འདུག།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎