ར་ཤི་ཡའི་ཚན་རིག་པ་དང་ནང་པའི་མཁས་དབང་བར་བགྲོ་གླེང་།


2018.05.03
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ར་ཤི་ཡའི་ཚན་རིག་པ་དང་ནང་པའི་མཁས་པའི་དབར་གྱི་བགྲོ་གླེང་ཐེངས་གཉིས་པ་གནང་བཞིན་པ། ༢༠༡༨།༥།༣ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ར་ཤི་ཡའི་ཚན་རིག་པ་དང་ནང་པའི་མཁས་པའི་དབར་གྱི་བགྲོ་གླེང་ཐེངས་གཉིས་པ་གནང་བཞིན་པ། ༢༠༡༨།༥།༣
RFA

༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ར་ཤི་ཡའི་ཚན་རིག་པ་དང་ནང་པའི་མཁས་པའི་དབར་གྱི་བགྲོ་གླེང་ཐེངས་གཉིས་པ་གནང་བཞིན་འདུག
དེ་ཡང་སྤྱི་ཟླ་༥པའི་ཚེས་༣གཟའ་ཕུར་བུའི་ཉིན་བཞུགས་སྒར་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་པ་དང་ཆེད་ལས་མི་སྣ་ཁག་སོགས་དང་ལྷན་འཛོམས་ཀྱིས་འཇིག་རྟེན་ཁམས་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་ཀྱི་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།   ཐེངས་འདིའི་བགྲོ་གླེང་དབུ་འབྱེད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།   དེང་གི་དུས་སུ་དེ་སྔ་ལས་ལྷག་པ་ཚན་རིག་དང་མཐུན་པའི་ཐོག་ནས་ང་ཚོས་གཞོན་སྐྱེས་ཀྱི་མི་རབས་ཚོར་འཛམ་གླིང་ནང་གི་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ལ་གཅིག་འགྱུར་གྱི་འདུ་ཤེས་ཐོག་ཀུན་ཁྱབ་གཞན་ཕན་དང་སྙིང་རྗེའི་བསམ་པ་གོང་མཐོར་སྤེལ་ཐབས་ཐད་འབད་བརྩོན་བྱེད་དགོས་པ་བཀའ་གནང་འདུག་ལ།  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  བོད་དང་ཨུ་རུ་སུའི་དབར་དེ་སྔ་ནས་རིག་གཞུང་གི་འབྲེལ་བ་ཉེ་པོ་ཡོད་པ་བཀའ་གནང་ཞིང་།  དེ་སྔ་བོད་ཀྱི་དགོན་སྡེ་ཁག་གི་ནང་ར་ཤི་ཡའི་མངའ་ཁོངས་ཏུ་ཝ་དང་ཁཱལ་མིཀ། སྦུརི་ཡཏསྀ་བཅས་ཀྱི་སོག་རིགས་མང་པོ་སློབ་གཉེར་བྱེད་པར་ཡོང་སྟེ། མཁས་པ་ཕུལ་དུ་བྱུང་བ་མི་ཉུང་བ་ཞིག་བྱུང་ཡོད་པ་བཀའ་གནང་འདུག
ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་པ་ཁག་དང་ལྷན་དུ་བགྲོ་གླེང་ཐེངས་གཉིས་པ་འདིོ་བཞིན་བོད་ཀྱི་རིག་གཞུང་དང་དྲིལ་བསྒྲགས་ལྟེ་གནས་ཁང་ངམ་ཨུ་རུ་སུའི་རྒྱལ་ས་མོ་སུ་ཀོ་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཨུ་རུ་སུ་ནང་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་། མོསྀ་ཀོ་(Moscow)གཙུག་ལག་སློབ་གྲྭ་དང་ལྟ་གྲུབ་སློབ་གཉེར་ཁང་དང་ཚན་རིག་སློབ་གཉེར་ཁང་སོགས་ཐོུང་གིས་གོ་བསྒྲིགས་གནང་བ་ཞིག་རེད་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎