པ་ཀི་སི་ཐན་ནང་འཇིཊ་སྐུལ་དྲག་སྤྱོད་པས་འབར་རྫས་གཏོར་རྒོལ།

པ་ཀི་སི་ཐན་ནང་འཇིགས་བསྐུལ་དྲག་སྤྱོད་པའི་རང་སྲོག་བློས་བཏང་གི་དྲག་རྒོལ་འོག་མི་གྲངས་བཞི་བཅུ་ཞེ་གཅིག་ཙམ་རྐྱེན་ལམ་དུ་བཏང་བ།

2010.12.25

༄༅༎གཟའ་སྤེན་པའི་ཉིན་པ་ཀིསི་ཐན་གྱི་ནུབ་བྱང་ས་ཁུལ་དུའཇིགས་བསྐུལ་དྲག་སྤྱོད་པའི་རང་སྲོག་བློས་བཏང་གི་དྲག་རྒོལ་འོག་མི་གྲངས་བཞི་བཅུ་ཞེ་གཅིག་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་ གཞན་ཡང་ཐད་འཕུར་གནམ་གྲུ་ནས་དྲག་སྤྱོད་ཚོགས་སྡེའི་ཡུལ་དམག་དང་འཐབ་རྒོལ་བྱས་པའི་དོན་རྐྱེན་འོག་དྲག་སྤྱོད་བཞི་བཅུ་ལྷག་རྐྱེན་འདས་སུ་བཏང་ཡོད་འདུག

པ་ཀིསི་ཐན་གྱི་ནུབ་བྱང་མཐའ་མཚམས་ས་ཁུལ་དེའི་ནང་། འཛམ་གླིང་ཟ་འབྲུའི་རོགས་སྐྱོར་ལས་འཆར་གྱིས་ཟས་རིགས་འགོ་འགྲེམས་བྱེད་བཞིན་པའི་སྐབསབྷུར་ཁ་སྟེ་ཁ་ཆེའི་བེུད་ཀྱི་ཆས་ལུགས་གྱོན་པའི་མི་ཞིག་གིས་རང་གི་ལུས་ཐོག་བཏགས་པའི་འབར་རྫས་གཏོར་ཏེ་ཉུང་མཐར་མི་བཞི་བཅུ་ཞེ་གཅིག་རྐྱེན་ལམ་དུ་བཏང་ཡོད་པནུབ་བྱང་ས་ཁུལ་དེའི་འཛིན་སྐྱོང་གི་ལས་བྱེད་པ་ སོ་ཧེལ་ ཁཱན་གྱིས་བརྗོད་འདུག

མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་ པ་ཀིསི་ཐན་དང་ཨཕྷ་གྷནིསི་ཐན་གྱི་ས་འབྲེལ་འཁེལ་བ་ སྦ་ཇ་འུར རྫོང་གི་ ཁཱར་ཞེས་པའི་ས་གནས་སུ་བྱུང་འདུག་ཅིང་ས་ཁུལ་འདི་ནི་ ཨ་མི་རི་ཀས་ ཨལ་ཀེ་རྡ་འཇིགས་བསྐུལ་དྲག་སྤྱོད་པའི་ལྟེ་ལྟེ་གནས་གཙོ་བོ་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ཅིང་པ་ཀིསི་ཐན་གྱི་བདེ་འཇགས་མི་སྣར་འཇིགས་བསྐུལ་དྲག་སྤྱོད་པས་ཕྱི་ཚེས་ ༢༢ ཉིནརང་སྲོག་བློས་གཏོང་བའི་མི་གཉིས་ཀྱི་དྲག་རྒོལ་སྤེལ་རྒྱུ་ཡིན་པའི་སྐོར་གསང་གནས་འབྱོར་ཡོད་ན་ཡང་འཇིགས་བསྐུལ་དྲག་སྤྱོད་པས་སོ་སོིའི་འཆར་གཞིར་འགྱུར་བ་བཏང་སྟེདེ་རིང་ཕྱི་ཚེས་ ༢༥ ཉིན་གཏོར་རྒོལ་གྱི་འཆར་གཞི་དེ་ལག་བསྟར་བྱས་ཡོད་པ་རེད།

ཡང་ མོ་ཧོ་མན་ཌ་ ཞེས་པའི་ས་ཁུལ་དུ་ པ་ཀིསི་ཐན་གཞུང་གི་དཔུང་དམག་ནསའཇིགས་བསྐུལ་དྲག་སྤྱོད་པ་གབ་ཡིབ་བྱ་སའི་ས་ཁུལ་དུ་ཐད་འཕུར་གནམ་གྲུ་ནས་ཕར་རྒོལ་བྱས་པའི་འཐབ་རྒོལ་གྱི་ལས་གཞིའི་འོག་ འཇིགས་བསྐུལ་དྲག་སྤྱོད་པའི་ཡུལ་དམག་ ༤༠ ཙམ་རྐྱེན་འདས་སུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎