དབྱར་རྩ་དགུན་འབུའི་ཆེད་འཁྲུག་རྩོད་ཤོར་ནས་མི་གཅིག་བསད་འདུག


2016.06.17
བལ་ཡུལ་གྱི་ས་ཁྲ། བལ་ཡུལ་གྱི་ས་ཁྲ།
Photo: RFA

བལ་ཡུལ་གྱི་མཐའ་ཁུལ་ས་ཁུལ་ཞིག་ནང་དབྱར་རྩ་དགུན་འབུ་རྐུ་འཁྱེར་བྱེད་པའི་འཁྲུག་རྩོད་བྱུང་ནས་མི་གཅིག་དམར་བསད་བཏང་བ་དང་གཞན་གསུམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
དེ་ཡང་བལ་ཡུལ་དང་བོད་གཉིས་ནང་ལོ་ལྟར་མཐའ་ཁུལ་ས་ཁུལ་གྱི་གྲོང་གསེབ་པ་བརྒྱ་ཕྲག་མང་པོས། དབྱར་ཀའི་དུས་སུ་དབྱར་རྩ་དགུན་འབུ་བརྐོ་སྲོལ་ཡོད་པ་དང་། རེས་གཟའ་ལྷག་པའི་ཉིན་བལ་ཡུལ་ནུབ་ཕྱོགས་ཀྱི་མུ་གེ་རྗོང་ཞེས་པའི་ས་ཁུལ་ནང་། ས་གནས་ཡུལ་མི་ཚོས་དབྱར་རྩ་དགུན་འབུ་བརྐོས་རྗེས་ཇག་ཚོགས་མི་སྣ་བཅུ་གྲངས་ལྷག་ཙམ་གྱི་གྲོང་གསེབ་པའི་དབྱར་རྩ་དགུན་འབུ་འཕྲོག་བཅོམ་བྱ་ཐབས་སྐབས། ཕན་ཚུན་འཁྲུག་རྩོད་བྱུང་འདུག
འཁྲུག་རྩོད་ཀྱི་དོན་རྐྱེན་དེ་རེས་གཟའ་ལྷག་པའི་ཉིན་བྱུང་ཡོད་ཀྱང་། མུ་གེ་རྗོང་དེ་ས་གནས་ཐག་རིང་དང་མཐའ་ཁུག་ས་ཁུལ་ལ་བརྟེན་ནས་ས་གནས་ནང་ཉེན་རྟོག་མི་སྣ་རེས་གཟའ་པ་སངས་བར་འབྱོར་ཐུབས་མེད་པ་རེད།
མུ་གེ་རྗོང་ཉེན་རྟོག་སྤྱི་ཁྱབ་Keshab Raj Sharma་ཞེས་པས། ཧྥ་རན་སི་གསར་ལས་ཁང་ལ་ཁ་པར་ཐོག་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་། ཇག་ཚོགས་མི་སྣས་མུ་གེ་རྗོང་གི་གྲོང་གསེབ་པ་ཚོའི་དབྱར་རྩ་དགུན་འབུ་འཕྲོག་བཅོམ་བྱས་ཡོད་པ་མ་ཟད། འཁྲུག་རྩོད་སྐབས་མེ་འཕེན་བྱས་སྟེ་ས་གནས་ཀྱི་ཡུལ་མི་གཅིག་རྐྱེན་ལམ་དུ་བཏང་བ་དང་། གཞན་གསུམ་ལ་རྨས་སྐྱོན་བཏང་ཡོད་པ་བརྗོད་འདུག
གནས་ཚུལ་ནང་གསལ་ལྟར་ན། དབྱར་རྩ་དགུན་འབུའི་ཐོག་འཁྲུག་རྩོད་ཀྱི་དོན་རྐྱེན་དེ་ད་རེས་ཐོག་མ་གང་ཡང་མིན་པ་དང་། དེ་སྔ་༢༠༠༩་ལོར་ས་གནས་དེ་གའི་ནང་། དབྱར་རྩ་དགུན་འབུ་བསྡུ་རུབས་ཀྱི་རྩོད་ལེན་ནང་། མི་བདུན་ལྐོག་བསད་བཏང་བའི་གནས་ཚུལ་བྱུང་འདུག་ལ་ལོ་གཉིས་ཀྱི་རྗེས་སུ་དོན་རྐྱེན་དེའི་ཐོག་རྗོང་སྡེ་ཁྲིམས་ཁང་ནས་གྲོང་གསེབ་ཀྱི་ཡུལ་མི་༡༩་ཙམ་ལ་ཁྲིམས་ཐོག་ནས་བཙོན་འཇུག་གི་ཉེས་ཆད་བཀེལ་འདུག
མུ་གེ་རྗོང་ཉེན་རྟོག་སྤྱི་ཁྱབ་Sharma་ཡིས་བརྗོད་ན། ས་གནས་ནང་དྲག་ཟིང་གི་དོན་རྐྱེན་བྱུང་ནས་ཉིན་གསུམ་ཙམ་འགྲོ་ཡི་ཡོད་ཀྱང་ད་ལྟའང་སྨན་པ་དང་སྨན་བཅོས་ཀྱི་རུ་ཁག་འབྱོར་ཐུབ་མེད་པ་མ་ཟད། ཁ་ས་ཐད་འཕུར་གནམ་གྲུ་འཕུར་བསྐྱོད་བྱས་ཀྱང་གནམ་གཤིས་རྐྱེན་པས་ཕྱིར་ལོག་བྱེད་དགོས་བྱུང་འདུག
དབྱར་རྩ་དགུན་འབུ་ནི་མིའི་ནུས་སྟོབས་འཕེལ་རྒྱས་ཀྱི་སྨན་རྩ་རིན་ཐང་ཆེན་པོར་ངོས་འཛིན་གྱིས་རྒྱ་ནག་གི་ཁྲོམ་རའི་ནང་རིན་གོང་མཐོ་བོར་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་། དབྱར་རྩ་དགུན་འབུའི་ཐོན་སྐྱེད་ནི་རྒྱ་མཚོ་ནས་མི་ཀྲར་༣༥༠༠་ལྷག་གི་མཐོ་ཚད་ནང་སྐྱེས་ཀྱི་ཡོད་སྟབས་དབྱར་རྩ་དགུན་བུའི་ཐོན་ཁུངས་གཙོ་བོ་ས་མཐོའི་བོད་དང་། བལ་ཡུལ་གྱི་ས་མཐོའི་ས་གནས་ཁག་གཅིག་ནང་རྙེད་རྒྱུ་ཡོད་པ་རེད་འདུག༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎