བལ་ཡུལ་གྱི་ཤོག་དངུལ་གསར་པའི་སྟེང་གི་ས་ཁྲས་རྒྱ་གར་དང་བལ་ཡུལ་བར་གྱི་འབྲེལ་བ་རྙོག་འཛིང་ཕྱོགས་སུ་འགྲོ་སྲིད་པ།

2024.05.06
བལ་ཡུལ་གྱི་ཤོག་དངུལ་གསར་པའི་སྟེང་གི་ས་ཁྲས་རྒྱ་གར་དང་བལ་ཡུལ་བར་གྱི་འབྲེལ་བ་རྙོག་འཛིང་ཕྱོགས་སུ་འགྲོ་སྲིད་པ། བལ་ཡུལ་གྱི་ཤོག་སྒོར་འདྲ་མིན། *ཤོག་སྒོར་འདི་དག་ཉེ་ལམ་པར་འདེབས་བྱས་བའི་ཤོག་སྒོར་གསར་པ་མིན།
Lhuboom /RFA

དེ་ཡང་ཕྱི་ཟླ་ལྔ་པའི་ཚེས་༤ཉིན་བོད་གནས་བསྐྱར་ཞིབ་དུས་དེབ་ཐོག་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་རྒྱུན་རིང་ནས་བལ་ཡུལ་གཞུང་ལ་བོད་དང་ས་མཚམས་འཁེལ་ཡུལ་གྱི་རྒྱ་གར་གྱི་ཐབས་ཇུས་ས་ཁུལ་ཁག་གསུམ་བལ་ཡུལ་གྱི་བདག་དབང་ཡིན་ཚུལ་རྒྱུད་སྐུལ་བྱས་མྱོང་པ་ལྟར། བལ་ཡུལ་གྱི་ཤོག་སྒོར་བརྒྱ་ཐམ་པའི་ཤོག་དངུལ་གསར་པའི་སྟེང་དུ། བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་བཀོད་དེ་རྒྱ་གར་གྱི་ས་ཁོངས་ཁག་ཅིག་བལ་ཡུལ་གྱི་བདག་དབང་ཡིན་ཚུལ་བསྟན་ཡོད་པར་བརྟེན་ནས་། རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་རྙོག་འཛིང་ཆེན་པོ་ཞིག་གི་ཕྱོགས་སུ་འགྲོ་སྲིད་པ་བཀོད་འདུག
གནས་ཚུལ་ནང་། བལ་ཡུལ་གྱི་སྲིད་བློན་པུཤ་པ་ཀམ་ལ་དྷ་ཧལ་གྱིས་བལ་ཡུལ་གྱི་ས་ཁྲ་གསར་པ་བྲིས་པའི་དངུལ་ལོར་གསར་པ་དེ་དཔར་སྐྲུན་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ས་ཁྲ་དེའི་ནང་(Lipulekh)་དང་། (Limpiyadhura) (Kalapani)་བཅས་ས་གནས་གསུམ་གྱི་ས་ཁྱོན་ཚུད་ཡོད་པའི་སྐོར་བལ་ཡུལ་གཞུང་གི་མགྲིན་ཚབ་པ་(Rekha Sharma)་ཞུ་བས་གསུངས་ཡོད་ལུགས། ཕྱི་ཟླ་ལྔ་པའི་ཚེས་༤ཉིན་རྒྱ་གར་གྱི་གསར་འགྱུར་ལས་ཁང་(PTI)་ཞེས་པས་ལུང་འདྲེན་བྱས་འདུག
(Sharma)་ནི་བལ་ཡུལ་གྱི་དྲིལ་བསྒྲགས་དང་འབྲེལ་མཐུད་བློན་ཆེན་ཡིན་པ་ལྟར། ཁོང་གིས་ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་༢༥དང་ཕྱི་ཟླ་ལྔ་པའི་ཚེས་༢བཅས་ལ་བློན་ཆེན་ལྷན་ཚོགས་སྐོང་ཚོགས་གནང་སྟེ། དངུལ་ལོར་གསར་བཟོ་བྱས་པ་དང་། དངུལ་ལོར་གྱི་རྒྱབ་ཏུ་པར་བརྒྱབ་པའི་ས་ཁྲ་རྙིང་པ་དེའི་ཚབ་ཏུ་གསར་པ་བཟོ་བཅོས་རྒྱབ་པ་བཅས་ལ་བློན་ཆེན་ལྷན་ཁང་ནས་ཆོག་མཆན་སྤྲད་ལུགས་གསུངས་འདུག
བལ་ཡུལ་གྱི་དངུལ་ལོར་གསར་པའི་སྟེང་དུ་བྲིས་པའི་བོད་ཀྱི་ནུབ་ཕྱོགས་མངའ་རིས་ས་མཚམས་བར་དུ་ཆགས་པའི་རྩོད་གཞི་ཅན་གྱི་ས་ཁུལ་ཁག་གསུམ་པོ་དེ་དག་འདས་པའི་ལོ་དྲུག་ཅུ་ལྷག་རིང་ལ་རྒྱ་གར་གཞུང་གི་དབང་སྒྱུར་ཆ་ཚང་འོག་ཏུ་གནས་ཡོད་ལ། ས་ཁུལ་དེ་ཚོའི་ནང་གི་མི་རྣམས་རྒྱ་གར་གྱི་མི་སེར་ཡིན་པ་དང་། རྒྱ་གར་དུ་ཁྲལ་འཇལ་བ་དང་། རྒྱ་གར་གྱི་འོས་བསྡུའི་ནང་འོས་ཤོག་འཕེན་གྱི་ཡོད་པ་རེད།
བལ་ཡུལ་ནི་རྒྱ་གར་གྱི་མངའ་སྡེ་ལྔ་སྟེ། འབྲས་ལྗོངས་དང་། ནུབ་བྷང་གྷལ། བི་ཧཱར། ཨུ་ཏྲ་པྲ་དེ་ཤེ། ཨུ་ཏྲ་ཁནྡ་བཅས་དང་ས་མཚམས་སྤྱི་ལེ་༡༨༥༠ལྷག་གི་ས་འབྲེལ་འཁེལ་ཡོད་པ་དང་། བལ་ཡུལ་གཞུང་གིས་གོང་གསལ་རྩོད་གཞི་ཅན་གྱི་ས་ཁུལ་ཁག་གསུམ་པོར་ཁྱོན་བསྡོམས་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་བདུན་ཅུ་ཙམ་གྱི་རྒྱ་ཁྱོན་ཡོད་པར་བཤད་ཀྱི་ཡོད་པ་རེད་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎