སོག་པོའི་མི་མང་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་འདུག


2016.06.30
སོག་ཡུལ་ཀྱི་མི་དམངས་ཀྱིས་མང་གཙོའི་འོས་ཤོག་བླུགས་སྐབས། ༢༠༡༦ སོག་ཡུལ་ཀྱི་མི་དམངས་ཀྱིས་མང་གཙོའི་འོས་ཤོག་བླུགས་སྐབས། ༢༠༡༦
དྲ་བཤུས།/scoopnest

སོག་ཡུལ་ནང་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་དེ་བཞིན་ཕྱོགས་འགལ་སོག་པོའི་མི་མང་ཚོགས་པར་ཐོབ་ཡོད་པ་རེད།
དེ་ཡང་སོག་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་བྱས་པ་བརྒྱུད་Mongolian People’s Party འམ་སོག་ཡུལ་མི་མང་ཚོགས་པ་ཞེས་པར་གྲོས་ཚོགས་ནང་འཐུས་མི་བདུན་ཅུ་དོན་དྲུག་གི་ས་མིག་ནས་དྲུག་ཅུ་རེ་ལྔ་ཐོབ་ཡོད་པ་དང་། གཞུང་འཛིན་མང་གཙོ་ཚོགས་པར་འོས་གྲངས་དགུ་ལས་ཐོབ་མེད་ལུགས་འོས་བསྡུའི་སྤྱི་ཁྱབ་པས་གསལ་བསྒྲགས་གནང་ཡོད་འདུག
ལྷག་པར་དུ་ད་རེས་འོས་བསྡུའི་ནང་ད་ལྟའི་སྲིད་བློན་Chemidiin Saikhanbileg་མཆོག་རྒྱལ་ས་ཨུ་ལན་བ་དྲོར་ནས་འོས་བཞེངས་ཀྱང་ཕམ་ཉེས་བྱུང་ཡོད་པ་བཅས་ད་རེས་འོས་བསྡུ་འདི་བརྒྱུད་ནས་གཞུང་འཛིན་མང་གཙོ་ཚོགས་པར་མང་ཚོགས་ནས་འདོད་མོས་མེད་པའི་རྣམ་འགྱུར་གསལ་པོ་བཏོན་ཡོད་འདུག ལོ་ན་བཞི་བཅུ་ཞེ་དྲུག་ཡིན་པའི་ལས་མི་ Magasajavin Bold་ཞེས་པས། ད་རེས་སོག་པོའི་མི་མང་ཚོགས་པར་འོས་འཕངས་དགོས་དོན་ནི་མང་གཙོ་ཚོགས་པས་རང་ཉིད་ཀྱི་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་སྒེར་གྱི་ཁེ་ཕན་མ་གཏོགས་ལས་དོན་སྤེལ་མེད་ལུགས་རྒྱུ་མཚན་བཤད་འདུག
ཡང་ཨ་རིའི་San Francisco་ནང་གི་སོག་ཡུལ་ཐོག་མཁས་པ་Marissa Smith་གྱིས། སྔོན་མ་དང་མི་འདྲ་བར་ཐེངས་འདིའི་འོས་བསྡུའི་སྐབས་མང་ཚོགས་ནས་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པ་དེ་ཕྱི་ཕྱོགས་ལ་སྐྱོན་བརྗོད་མ་ཡིན་པར་རྒྱལ་ཁབ་ཀྱི་ཆབ་སྲིད་མི་སྣ་དང་ཚོང་པ་ཆེ་ཁག་ཚོའི་བྱ་སྤྱོད་ལ་ལེ་ཁག་གཡོག་ཡོད་པ་རེད་ཅེས་གསུངས་འདུག
དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་འོས་བསྡུའི་རྟོག་ཞིབ་དང་ཉམས་ཞིབ་ཚན་པ་IRI་ཞེས་པས་ཀྱང་། སོག་ཡུལ་ནང་བརྒྱ་ཆ་དྲུག་ཅུ་ཙམ་ནས་རྒྱལ་ཁབ་ཀྱི་ཁ་ཕྱོགས་ནོར་འཁྲུལ་ཅན་ཞིག་ཏུ་གྱུར་གྱི་ཡོད་པ། དཔེར་ན། ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཚབས་ཆེན་པོ་ཆགས་པ་དང་། གཞུང་ནས་རང་འབྱུང་གཏེར་ཁ་ཕྱུག་པོ་ཡོད་པ་དེ་དག་གི་ཐོག་ནས་མང་ཚོགས་ལ་ལས་ཀའི་དཀའ་ངལ་སེལ་མ་ཐུབ་པ་སོགས་ཀྱི་གནས་སྟངས་ཆགས་བཞིན་ཡོད་ལུགས། བསམ་ཚུལ་ཤུགས་ཆེ་ཡོད་ལུགས་དཔྱད་ཞིབ་བྱས་པ་གང་ལྟར་ད་ལྟའི་མང་གཙོ་ཚོགས་པའི་གཞུང་གི་ངོས་ནས། སོག་ཡུལ་ནང་གི་གཏེར་དངོས་དེ་དག་རྒྱ་ནག་གི་གཙོས་ཕྱིའི་རྒྱལ་ཁབ་ཀྱི་ཚོང་པ་ཚོར་ཚོང་ལས་གཉེར་བཅུག་ནས་ཆབ་སྲིད་མི་སྣ་ཚོས་རང་ཉིད་ཀྱི་ཁེ་ཕན་གྲུབ་ཀྱི་ཡོད་པ་དེ་དག་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བ་བསྟན་ནས་ཕམ་ཉེས་བཏང་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎