ཧོང་ཀོང་ནང་མི་སྣ་འཛིན་བཟུང་དང་ཨ་རིས་བློ་འཚབ།


2020.02.29
ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྐབས་ཉེན་རྟོག་པས་མིག་ཆི་ཤོར་བྱེད་ཀྱི་དུག་རླངས་བཏང་བ། ༢༠༡༩།༡༢།༣༡ ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྐབས་ཉེན་རྟོག་པས་མིག་ཆི་ཤོར་བྱེད་ཀྱི་དུག་རླངས་བཏང་བ། ༢༠༡༩།༡༢།༣༡
AP

ཧོ་ཀོང་གི་དཔེ་དེབ་པར་བསྐྲུན་མཁན་དང་ཚོང་པ་Jimmy Laiནི་རྒྱ་ནག་གཞུང་ལ་མངོན་གསུམ་འཛེམས་མེད་ཀྱིས་ངོ་རྒོལ་དང་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་རེད། ཁོང་དང་དང་མང་གཙོ་དོན་གཉེར་བ་ Lee Cheuk-yan དང Yeung Sum,བཅས་གཟའ་པ་སངས་ཉིན་གྱི་ཧོང་ཁོང་གི་ཁྲོམ་ས་ཞིག་ཏུ་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པའི་ཉེས་འོག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

ཧོང་ཀོང་ནང་གཞུང་ལ་ངོ་རྒོལ་གྱི་གནས་ཚུལ་ཕྲན་བུ་ཞི་འཇམ་བྱུང་བའི་དུས་སྐབས་ཤིག་དང་བསྟུན་ནས་གོང་ཞུས་མི་སྣ་དེ་དག་འཇུ་བཟུང་བྱས་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སེམས་འཚབ་ཡོད་པའི་རྣམ་པ་བསྟན་པ་དང་སྦྲགས། ང་ཚོའི་རེ་བ་ལ་ཧོང་ཀོང་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་ཁྲིམས་ལུགས་ལག་བསྟར་བྱས་པ་ཞིག་མ་ཡིན་པ་གནད་དོན་ཐག་གཅོད་ཀྱི་སྐབས་སུ་དྲང་བདེན་དང་ཕྱི་གསལ་ནང་གསལ་དགོས་རྒྱུ་གལ་ཆེན་རེད་ཅེས་ ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་Morgan Ortagus་ལགས་ཀྱིས་བརྗོད་འདུག ད་དུང་ཁོང་གིས་ཧོ་ཀོང་ནང་ཁྲིམས་ཀྱི་དབང་བསྒྱུར་དང་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཀྱི་ཐོག་ལ་བརྩི་སྲུང་དགོས་པ་བརྗོད་འདུག དེ་བཞིན་དབྱིན་ཇིའི་དབང་བསྒྱུར་གྱི་སྐབས་སུ་ཧོ་ཀོང་གི་སྤྱི་ཁྱབ་ཟུར་པ་ Chris Pattenལགས་ཀྱིས་ཧོ་ཀོང་གཞུང་གི་བྱ་སྤྱོད་དེ་ནི་ཚབས་ཆེན་ཞིག་ཡིན་པ་དང་དེའི་རྒྱབ་ལ་རྒྱ་ནག་དབུས་གཞུང་གིས་ངན་ཇུས་བཤམས་ཡོད་པ་འགྲེལ་བརྗོད་བྱས་འདུག་པ་དང་རྒྱ་ནག་དམར་ཤོག་གཞུང་གིས་ཐེ་ཝན་མི་དམངས་ཀྱི་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བའི་རྟགས་མཚན་གསལ་པོ་ཞིག་ཡོད་པ་ཡང་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་འབྲེལ་གྱི་གོ་ལའི་དུས་བབས་ཀྱི་ཐོག་རྩོམ་སྒྲིག་པའི་དཔྱད་གཏམ་ནང་ཧོང་ཀོང་གི་ཚོང་པ་སྐུ་ཞབས་Laiཁོང་ནི་ཉེས་ཅན་པ་ཞིག་རེད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎