༢༠༡༥ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར།


2015.05.29
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༡པ་སྤེལ་རྒྱུའི་གསལ་བསྒྲགས་གནང་སྐབས། ༢༠༡༥།༥།༢༧ རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༡པ་སྤེལ་རྒྱུའི་གསལ་བསྒྲགས་གནང་སྐབས། ༢༠༡༥།༥།༢༧
འཇིགས་མེད་སྙན་གྲགས/RFA

༢༠༡༥ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༡པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་གནང་རྒྱུ་ཡིན་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་དང་། ༢༠༡༥ལོའི་རྐང་སྤོལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༡པ་དེ། ཟླ་འདིའི་ཚེས་༣༠ཉིན་ནས་ཕྱི་ཟླ་༦ཚེས་༡༠བར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འགྲན་བསྡུར་བྱ་རྒྱུ་ཡིན་སྐོར་གསུངས་འདུག བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསུང་པར། ཐེངས་འདིར་རྩེད་འགྲན་རུ་ཁག་༢༨ཡོད་པ་དེ་དག་སྡེ་ཚན་ཁག་༧ལ་བགོས་ཏེ། ནང་ཕན་ཚུན་འགྲན་བསྡུར་བྱ་རྒྱུ་ཡིན་སྐོར་དང་། སྨན་བཅོས་གཙོས་མཐུན་རྐྱེན་སོགས་གྲ་སྒྲིག་འཐུས་ཚང་ཡོད་སྐོར། དེ་བཞིན་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་ཀྱི་འགྲོ་གྲོན་དེ་དག་དགའ་ལྡན་ཕོ་བྲང་གིས་གནང་གི་ཡོད་སྐོར་སོགས་གསུང་ཡོད་པ་རེད།
ཡང་ཁོང་གིས་ད་ལོའི་རྐང་རྩེད་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཕེབས་རྒྱུ་ཡིན་སྐོར་དང་། མཇུག་བསྡོམས་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་རྒྱུ་ཡིན་སྐོར་སོགས་གསུང་ཡོད་པ་རེད།
ད་ལོའི་རྩེད་འགྲན་ནང་དེབ་སྐྱེལ་བྱེད་མཁན་ཁྱོན་རུ་ཁག་༣༨ཙམ་བྱུང་ཡོད་འདུག་ཀྱང་། གོ་སྒྲིག་པས་ས་གནས་རེ་ལ་རུ་ཁག་རེའི་གོ་སྐབས་ལས་སྤྲོད་མ་ཐུབ་པར་བརྟེན། ས་གནས་གཅིག་ལ་རུ་ཁག་མང་པོ་ཡོད་མཁན་ཚོས་ནང་ཁུལ་འགྲན་བསྡུར་གྱིས། རྩེད་འགྲན་པ་ཡག་ཤོས་དེ་དག་བདམས་ཡོད་པ་རེད་འདུག དེར་བརྟེན་ད་ལྟ་ཨ་རི་ནས་རུ་ཁག་༡དང་། ཁེ་ན་ཌ་ནས་རུ་ཁག་༡། ཡུ་རོབ་ནས་རུ་ཁག་༡། བལ་ཡུལ་ནས་རུ་ཁག་༣། རྒྱ་གར་ནས་རུ་ཁག་༢༡བཅས་ཁྱོན་སྡོམ་རུ་ཁག་༢༨རྩེད་འགྲན་ལ་ཞུགས་རྒྱུ་ཡིན་པ་རེད།  

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎