དབྱར་སྐྱིད་གཏོང་དགོས་ལུགས་ཀྱི་བཙན་བཀའ་བཏང་འདུག


2014.09.29
རྒྱ་ནག་གིས་འབྲི་རུ་ཕྱོགས་སུ་དམ་དྲག་གི་རྣམ་པ། ༢༠༡༣ རྒྱ་ནག་གིས་འབྲི་རུ་ཕྱོགས་སུ་དམ་དྲག་གི་རྣམ་པ། ༢༠༡༣
བོད་འབྱོརྲ

རྒྱ་ནག་གཞུང་གིས་འབྲི་རུ་རྫོང་རྩ་ལ་ཡུལ་ཚོའི་བོད་མི་ཚོར་དབྱར་སྐྱིད་གཏོང་དགོས་ལུགས་ཀྱི་བཙན་བཀའ་བཏང་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། ཉེ་ལམ་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་རྩ་ལ་ཡུལ་ཚོར་ལས་བྱེད་མངགས་གཏོང་གིས་མི་མང་ལ་འདི་ལོའི་ས་གནས་ཀྱི་དབྱར་སྐྱིད་སྐབས་ས་གནས་གཞན་དུ་ཡོད་པའི་འབྲི་རུ་རྫོང་གི་མི་མང་ཚང་མ་ས་གནས་རང་དུ་འཛོམས་ཏེ་དགའ་སྤྲོའི་ངང་ནས་དབྱར་སྐྱིད་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། གལ་སྲིད་དབྱར་སྐྱིད་ཀྱི་དགའ་འཛོམས་ནང་མ་ཞུགས་ཚེ་ལོ་རྗེས་མར་ས་གནས་སུ་དབྱར་རྩ་དགུན་འབུ་བརྐོ་རྒྱུར་བཀག་འགོག་བྱ་རྒྱུ་དང་། རྩ་ལ་ཡུལ་ཚོའི་དམག་སྒར་དུ་བཙོན་འཇུག་བཀག་ཉར་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་སྤེལ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོིད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་བོད་ཀྱི་ས་གནས་མང་པོ་ཞིག་དང་། དམིགས་བསལ་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གི་བོད་མི་ཚོས་ས་གནས་དེའི་ནང་ལོ་རེར་འཆར་ཅན་ལོ་གསར་དང་དབྱར་སྐྱིད་གཙོས་དམངས་ཁྲོད་ཀྱི་དགའ་སྐྱིད་རིགས་མང་པོ་ཞིག་སྤེལ་རྒྱུ་མཚམས་འཇོག་བྱས་ཡོད་པར་བརྟེན་ཉེ་ཆར་རྒྱ་ནག་གཞུང་གིས་འབྲི་རུ་མི་མང་ལ་གོང་ཞུས་བཙན་བཀའ་བཏང་བའི་རྗེས་ས་གནས་གཞན་དུ་ཡོད་པའི་འབྲི་རུ་རྫོང་གི་བོད་མི་ཚོ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་རང་ཡུལ་དུ་ཕྱིར་ལོག་བྱུང་དགོས་འདུག་པ་མ་ཟད། ཉིས་སྟོང་བཅུ་གསུམ་ལོར་འབྲི་རུ་ས་གནས་བོད་མི་ཚོས་ས་ཁུལ་དེའི་ནང་རྒྱ་མིས་གཏེར་ཁ་སྔོག་འདོན་དང་བཙན་དབང་གིས་རྒྱ་ནག་གི་རྒྱལ་དེར་བསྒྲེངས་འཛུགས་བྱེད་བཅུག་པའི་སྲིད་ཇུས་རིམ་པར་ངོ་རྒོལ་བྱས་པའི་རྐྱེན་གྱིས་དེའི་སྐབས་རྒྱ་ནག་གཞུང་ཕྱོགས་ནས་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་ད་ལྟ་ཡང་ས་གནས་ནང་དམག་མི་ཡོད་མུས་ཡིན་པའི་ཁར་བོད་མི་མང་པོ་འཛིན་བཟུང་ཁྲིམས་ཆད་སོགས་བྱས་ཏེ་བོད་མི་མང་པོ་ཞིག་ད་ལྟ་ཡང་བཙོན་ཁང་དུ་ཡོད་མུས་ཡིན་འདུག
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎