འབྲི་རུ་ཆབ་སྲིད་ཐོག་བདེ་འཇཊ་མེད་པར་ངོས་འཛིན།
2013.12.11
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ནགས་ཤོད་འབྲི་རུ་རྫོང་ལྟར་མོས་དགོན་པའི་དགེ་འདུན་པ་གསུམ་གུང་སེང་རིང་ལྷ་སར་ཕེབས་སྐབས་ཕྱི་ཟླ་༡༡ཚེས་༢༣ཉིན་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་རྗེས་ཁོང་རྣམ་པ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ད་ལྟའི་ཆར། ལྟར་མོས་དགོན་དང་ཉེ་སྐོར་གྲོང་ཁ་ཤས་རྒྱ་དམག་གིས་བསྐོར་ཡོད་འདུག དགོན་པའི་ནང་དགེ་འདུན་པ་མེད་པའི་སྐབས་དམག་མིས་གྲྭ་ཤག་ནང་བཙན་འཛུལ་གྱིས་བསྔོག་བཤེར་བྱས་ཏེ་ཀློག་ཀླད་དང་རླུང་འཕྲིན། ཅ་དངོས་སོགས་བཙན་འཁྱེར་བྱས་ཡོད་འདུག
དེ་བཞིན་ནཌ་ཤོད་འབྲི་རུ་རྫོང་རབ་བརྟན་དགོན་པ་དང་། འབྲོང་སྣ་དགོན་པའང་རྒྱ་དམག་གིས་མཐའ་བསྐོར་ཡོད་པ་དང་། ཁམས་སྨད་སྡེ་དགེ་དཔལ་ཡུལ་དང་། སེར་ཤུལ། གསེར་རྟ་ནང་བསྟན་སློབ་གླིང་བཅས་སུ་སློབ་གཉེར་ལ་ཕེབས་པའི་རབ་བརྟན་དགོན་པའི་དགེ་འདུན་པ་བརྒྱད་རྫོང་སྲིད་གཞུང་གིསའཛིན་བཟུང་བཀག་ཉར་བྱས་འདུག
རྒྱ་ནག་སྲིད་གཞུང་ནས་འབྲི་རུ་རྫོང་ནི་ཆབ་སྲིད་ཐོག་བདེ་འཇགས་མེད་པའི་ས་ཁུལ་ཞིག་ལ་ངོས་འཛིན་གྱིས་རྫོང་འདི་ཞི་བདེ་ལྷིང་འཇགས་བཟོ་མ་ཐུབ་ན་ས་གནས་དང་།རང་སྐྱོང་ལྗོངས་ས་ཁུལ་གཞན་དུ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་འབྲི་རུ་རྫོང་གི་ཡུལ་མི་རྣམས་ལ་བསམ་བློའི་སློབ་གསོ་མཐར་ཕྱིན་པ་སྤྲོད་དགོས་ཟེར་ནས། ཉིན་མཚན་མེད་པར་སྡེ་དགོན་ཡོངས་ལ་བསམ་བློའི་སློབ་གསོའི་ཚོགས་འདུ་ཚོཊ་ཀྱི་ཡོད་པ་དང་། མཚོ་སྔོན་དང་སི་ཁྲོན་སོཌ་ལྗོངས་ཀྱི་ཕྱི་ལ་སློབ་གཉེར་གནང་བཞིན་པའི་འབྲི་རུ་རྫོང་གི་དགོན་པའི་ཁོངས་གཏོགས་ཀྱི་གྲ་བཙུན་རྣམས་འབྲི་རུར་འབོད་འགུག་བྱེད་བཞིན་པ་མ་ཟད། དེ་སྔོན་རྒྱ་གར་ལ་ཕྱིན་པའི་རིགས་དང་། མཚོ་སྔོན་དང་སི་ཁྲོན་བོད་ཁུལ་སོགས་ལ་ཕྱིན་པ་ཚོར་ལོགས་སུ་བསམ་བློའི་སློབ་གསོ་གཏོང་བཞིན་ཡོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།