སྐལ་བཟང་ལགས་འཛིན་བཟུང་།
2013.10.17

པར། བོད་ནས་བཏང་བ།
ནག་ཆུ་འབྲི་རུ་ནས་བུད་མེད་སྐལ་བཟང་ཞེས་བ་གློ་བུར་ནག་ཆུ་ས་གནས་སུ་ཡོད་པའི་མཐོ་སྒང་ལམ་བདེ་བྱང་མགྲོན་ཁང་གི་སྒོ་འགྲམ་ནས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
གནས་ཚུལ་ལྟར་ན། ཁོ་མོས་སྐད་འཕྲིན་wechat བརྒྱུད་སྐད་ཆ་འདྲ་མིན་བཤད་པ་དང་། ལག་འཁྱེར་ཁ་པར་ནང་གོང་ས་མཆོག་གི་སྐུ་པར་དང་། བོད་ཀྱི་ལ་རྒྱའི་གླུ་གཞས་འདྲ་མིན་ཉར་ཚགས་བྱས་ཡོད་པའི་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་བ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་འདུག ཁོང་མོ་འཇུ་བཟུང་བྱས་རྗེས་ནང་མི་སྤུན་ཉེ་ཚོས་རྩད་གཅོད་བྱས་ཀྱང་འབྲེལ་ཡོད་ལས་ཁུངས་ནས་གསལ་བཤད་གང་ཡང་བྱད་མེད་པ་རེད།
སྐལ་བཟང་ལགས་ལ་ཕྲུ་གུ་གསུམ་ཡོད་པ་རེད་འདུག