བོད་ནང་དུ་གནའ་བོའི་རིག་དངོས་རྗེས་ཤུལ་སུམ་བརྒྱ་ལྷག་རྙེད་སོན་བྱུང་འདུག

2024.09.06
བོད་ནང་དུ་གནའ་བོའི་རིག་དངོས་རྗེས་ཤུལ་སུམ་བརྒྱ་ལྷག་རྙེད་སོན་བྱུང་འདུག བོད་ནང་དུ་རྒྱ་ནག་གིས་གནའ་བོའི་རིག་དངོས་རྗེས་ཤུལ་འཚོལ་བཞིན་པ། ༢༠༢༤
Chinese State Media

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ནང་རྒྱལ་ཡོངས་རིག་དངོས་འཚོལ་ཞིབ་ཐེངས་བཞི་བ་ཟེར་བ་དེ་མཇུག་སྒྲིལ་ཏེ་ཕྱི་ཟླ་༩པའི་ཚེས་༦བར། རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིས་ཊར་༤༥༠༠ཡན་གྱི་མཐོ་སྒང་བོད་ཀྱི་རྫོང་ཁག་༡༦ནང་གི་རྫོང་ཁག་༡༡གྱི་ས་གནས་སུ་དངོས་ཐོག་འཚོལ་ཞིབ་བྱས་བར། ས་གནས་དེ་དག་ནས་གནའ་བོའི་རིག་དངོས་རྗེས་ཤུལ་༣༠༠ལྷག་རྙེད་སོན་བྱུང་ཡོད་པ་དང་། རིག་དངོས་རྗེས་ཤུལ་ས་གནས་༢༠༥་ཐེངས་གསུམ་པའི་རིག་དངོས་འཚོལ་ཞིབ་ཀྱི་བསྐྱར་ཞིབ་ལས་དོན་ཁྲོད་བཞག་ཡོད་ཚུལ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
དེ་བཞིན་བོད་ཀྱི་ནག་ཆུ་ཉི་མ་རྫོང་དུ་རིག་དངོས་འཚོལ་ཞིབ་མི་སྣས་ཉིན་གྲངས་༥༠འི་རིང་རིག་དངོས་འཚོལ་ཞིབ་སྐབས་རིག་དངོས་རྗེས་ཤུལ་༢༥༦རྙེད་སོན་བྱུང་བ་དང་། བོད་ཀྱི་ནག་ཆུ་གྲོང་ཁྱེར་གྱི་རིག་དངོས་འཚོལ་ཞིབ་རུ་ཁག་གི་འགོ་འཛིན་ཟླ་བ་ནས་ད་ལྟའི་བར་གནའ་ཤུལ་ས་གནས་དང་བང་སོ། གནའ་བོའི་བཟོ་སྐྲུན། གནའ་བོའི་མི་སེར་སྡོད་གནས། བྲག་བརྐོས་རི་མོ། རྡོ་ཆས་སོགས་ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་རིག་དངོས་ཁག་ཅིག་རྙེད་སོན་བྱུང་བ་དང་། ཡང་རིག་དངོས་རྗེས་ཤུལ་ས་གནས་༡༤༨གསར་དུ་ཤེས་རྟོགས་བྱུང་བ་དེ་ཐེངས་གསུམ་པའི་བསྐྱར་ཞིབ་ལས་གཞིའི་ནང་བཞག་ཡོད་པ་བརྗོད་འདུག

cultural relic sites discoveries in ‘Tibet’.png
དེ་བཞིན་ཡང་ལྷོ་ཁ་སྣ་དཀར་རྩེ་རྫོང་དང་གཞིས་ཀ་རྩེ། མངའ་རིས་ས་ཁུལ་བཅས་ནས་རྒྱ་ནག་གིས་རིག་གནས་འཚོལ་ཞིབ་ལས་དོན་འགོ་འཛུགས་གནང་ཡོད་པ་བརྗོད་འདུག་ལ། ས་དགའ་རྫོང་ཁོངས་ནས་གནའ་བོའི་མཆོད་རྟེན་མང་པོའི་གནའ་ཤུལ་རྙེད་པ་དང་། དེ་མིན་བཟོ་རྩལ་ཐུན་མོང་མ་ཡིན་པའི་ཚ་ཚ་༩༣༨༠རྙེད་པ་དེ་དག་ས་གནས་ཀྱི་ཆོས་ལུགས་རིག་གནས་དང་། སྒྱུ་རྩལ་འཕེལ་རྒྱས། དེ་བཞིན་ལོ་རྒྱུས་ཀྱི་འཕེལ་རིམ་བཅས་ལ་ཞིབ་འཇུག་བྱེད་པར་ཕན་པ་བརྗོད་འདུག
དེའི་ཐད་བོད་གནས་བསྐྱར་ཞིབ་ཅེས་པའི་དྲ་གནས་ཐོག བོད་དང་ཤར་ཏུར་ཀི་སུ་ཐན་སོགས་ཀྱི་ས་ཁུལ་ནང་རྒྱ་ནག་གིས་གནའ་བོའི་རིག་དངོས་རྗེས་ཤུལ་འཚོལ་ཞིབ་ལས་དོན་བེད་སྤྱོད་ཀྱིས་གནས་ཚུལ་རྫུན་མ་སྒྲིག་བཟོ་བྱས་ནས་ས་ཁུལ་དེ་དག་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བདེན་དཔང་བྱེད་ཐབས་བྱེད་བཞིན་པ་དེས་ཆེད་མཁས་པ་རྣམས་ཀྱང་ཧང་སངས་དགོས་ཆགས་ཡོད་པ་རེད་ཞེས་སྐྱོན་བརྗོད་བྱས་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎