གསར་འགྱུར་ཡིག་ཚགས།
2024-07-24
ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་བཞིན། དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ཨིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
2024-07-24
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་རྗེས་སུ་ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་ཡོད་པ་དང་། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་ཡོད་པའི་གསལ་བསྒྲགས་སྤེལ་གནང་བ།
2024-07-23
བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་ཚོགས་པའི་ཡན་ལག་མཐུན་ཚོགས་སོགས་ཚོགས་པ་ཁག་ ༡༨༡ གིས་ཨ་རིའི་ཧར་ཝརཌི་གཙུག་ལག་སློབ་ཆེན་གྱི་སློབ་སྤྱིའི་མཚན་ཐོག་ཏུ་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་རྒྱལ་སྤྱིའི་སློབ་མ་ཚོར་འཇིགས་སྐུལ་དང་སུན་གཙེར་བྱེད་བཞིན་པའི་བྱ་སྤྱོད་ཐད་ལན་འདེབས་དགོས་པ་འབོད་སྐུལ་གནང་འདུག
2024-07-23
རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་རྔ་པ་རྫོང་གི་ཡུལ་ཚོ་དང་གྲོང་སྡེ་ཁག་ཏུ་ཉུལ་ཞིབ་ཀྱིས། ཁྱིམ་ཚང་རེ་རེའི་ཁང་ཐོག་ཏུ་ཡོད་པའི་དར་ལྕོགས་དང་། བསང་ཁྲི་རིགས་བཙན་ཐབས་ཀྱིས་གཏོར་བཤིག་དང་ཁྱིམ་ཚང་རེ་ཟུང་གི་ཁྱིམ་དུ་གང་བྱུང་སྔོགས་བཤེར་བྱེད་བཞིན་ཡོད་པ་རེད་འདུག
2024-07-23
ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འདས་པའི་མི་ལོ་ ༧༠ རིང་། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ༸གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་ཇུས་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་འདུག
2024-07-23
ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ནང་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་ཅིག
2024-07-22
རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་དགེ་རྒན་དང་། དེ་བཞིན་དངུལ་ཁང་སོགས་ཁེ་ལས་སྡེ་ཁག་གི་མི་སྣའི་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུ་བྱས་ནས་ཁོ་ཚོ་ཕྱིའི་རྒྱལ་ཁབ་ཏུ་འགྲུལ་བཞུད་བྱེད་རྒྱུར་ཚོད་འཛིན་བྱེད་བཞིན་ཡོད་འདུག
2024-07-22
ཞི་ཅིན་ཕིང་གི་བསྒྱུར་བཅོས་དང་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་འོག་མི་རིགས་རྒྱ་བསྒྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བཞིན་པ་རེད་འདུག
2024-07-22
༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༩་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་དེ་བཞིན་ཨ་མེ་རི་ཀའི་ཡུ་ཊ་(Utah)མངའ་སྡེའི་རྒྱལ་ས་Salt Lake་ནང་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་གྲོང་ཁྱེར་སྤྱི་ཁྱབ་ལྕམ་Erin Mendenhall ལགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བ།
2024-07-22
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་ཁ་ཞུ་རྒྱུ་དང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ཐད་སྐུ་ལས་བསྐྱོན་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་གསུངས་འདུག
2024-07-22
ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་༢༠༢༤ལོའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་བ་དང་མཉམ་སྲིད་འཛིན་གཞོན་པ་ལྕམ་(Kamala Harris)་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་རྒྱབ་གཉེར་གནང་འདུག