གསར་འགྱུར་ཡིག་ཚགས།
2013-01-20
ཕྱི་ཟླ་༡ པོའི་ཚེས་༡༩ ཉིན་གྱི་ཉིན་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་བོད་རྒྱ་གྲོས་མོལ་དང༌། བོད་ཀྱི་གནས་བབ་སྐོར་ལ་བགྲོ་གླེང་ཞིག་རྡ་ས་ཉིན་མོའི་སློབ་གྲྭའི་ནང་གོ་སྒྲིག་གནང་ཡོད་པ་རེད།
2013-01-20
བོད་ཡིག་སློབ་ཚན་རྣམས་རྒྱ་ཡིག་ཏུ་འགྱུར་རྒྱུའི་སྲིད་ཇུས་ལ་བོད་ཀྱི་མདོ་སྨད་ཁུལ་གྱི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་རྐྱེན་པས་དགེ་སློབ་ཚོར་མུ་མཐུད་དམ་བསྒྲགས་བྱེད་བཞིན་འདུག
2013-01-19
ཨོ་རི་ས་མངའ་སྡེའི་གཞུང་འཛིན་ཚོགས་པ་དང་ཚོགས་པ་གཞན་ཁག་ནས་དབུས་ཀྱི་གྲོས་ཚོགས་གོང་འོག་གཉིས་སུ་ད་ལྟའི་བོད་ནང་གི་ཛ་དྲག་གནད་དོན་ཐོག་གྲོས་ཆོད་འཇོག་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་གསུངས་འདུག
2013-01-19
བོད་མི་ཚོས་སྐུ་ལུས་མེར་སྲེག་གཏོང་བཞིན་ཡོད་པ་དེ་དག་བཀག་འདོམས་ཆེད་རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་བོད་ནང་གི་བོད་མི་ཚོར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
2013-01-19
བསྒྲགས་གཏམ་དེའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་བ་ཚོས་བཤད་པ་དེ་དངོས་འབྲེལ་ཡིན་པ་དང་། བོད་ཀྱི་དཀའ་ངལ་དེ་ནི་བོད་པ་གཅིག་བུའི་གནད་དོན་ཞིག་མིན་པར་རྒྱ་གར་གྱི་དཀའ་ངལ་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་འདུག
2013-01-19
སུད་སི་ནང་བོད་མི་ཁག་ཅིག་ནས་མི་ཚང་རེ་རེའི་ནང་དུ་ཕེབས་ནས་བོད་དོན་ཡིག་ཆ་འགྲེམས་སྤེལ་གནང་གི་ཡོད་པ་དང་། ཁོང་རྣམ་པས་ཡིག་ཆ་ཁྲི་བཞི་འགྲེམས་སྤེལ་གནང་འཆར་ཡོད་པ་རེད།
2013-01-19
ཕྱི་ལོ་༢༠༡༣ལོར་ལྷ་སའི་ནང་རྨང་གཞིའི་འཛུགས་སྐྲུན་གྱི་མིང་ཐོག་ནས་བར་སྐོར་འདི་བཞིན་ཡུལ་སྐོར་གྱི་ལྟེ་གནས་སུ་འགྱུར་བཞིན་ཡོད་པ་རེད།
2013-01-18
བོད་མི་མང་སྤྱི་འཐུས་ཀྱི་བྱང་ཕྱོགས་ཞུ་གཏུག་ལས་འགུལ་ཚོགས་ཆུང་དང་། ས་གནས་ཧིན་བོད་འབྲེལ་མཐུད་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག ཁ་སང་ཚེས་༡༧ཉིན་གྱི་དགོང་དྲོ་ པཊ་ནཱ་ ཁུལ་དུ་མར་མེ་ཁྲོམ་སྐོར་གནང་འདུག
2013-01-18
བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག བསམ་ཡུལ་ལས་འདས་པའི་དྲག་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ཚོགས་འདུ་ཞིག་གནང་ཡོད་པ་དང་། སྐབས་དེར་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག
2013-01-18
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་༢༦དེ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་དགོན་པར་སྐོང་ཚོགས་གནང་བཞིན་ཡོད་པ་རེད།
2013-01-18
རྒྱ་དམར་གུང་ཁྲན་གཞུང་གིས་ད་ལྟའི་རྒྱ་གར་ནང་ཡོད་པའི་གཞུང་ཚབ་པ་ཀྲང་ཡང་གི་ཚབ་ཏུ་ཁྲིམས་ཐོག་སློབ་ཐོན་གྱི་ལག་འཁྱེར་ཡོད་མཁན་ཝི་ཝི་ལ་གཞུང་ཚབ་པ་གསར་པར་བསྐོ་བཞག་བྱས་ཡོད་པ་རེད།
2013-01-18
མདོ་སྨད་རྔ་བ་ཁུལ་དམར་ཐང་རྫོང་ངམ་ཁྱུང་མཆུ་རྫོང་སྦྲ་ཆེན་ཞང་དུ།བོད་མི་གྲུབ་མཆོག་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག
2013-01-17
རང་ལུས་མེ་སྲེག་གི་འབྱུང་རྩ་སོགས་ཀྱི་ཐད་སེར་བྱེས་ལྷ་རམས་པའི་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་སུ་བཅར་འདྲི།
2013-01-17
རྒྱ་རིགས་རྩོམ་པ་པོ་མཱོ་ལེའུ་ཡིས་བྲིས་པའི་རྒྱ་ནག་ཁ་བྲལ་དུ་འགྲོ་རྒྱུའི་སེམས་ཁྲལ་གྱིས་རང་སྐྱོང་མེད་པར་བཟོ་བ་ཞེས་པའི་རྩོམ་ཡིག
2013-01-17
རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ལྷ་ས་ལྷུན་གྲུབ་རྫོང་མཁར་རྩེ་ཤང་། མདུང་གྲོང་མཚོའི་འབྲོག་ཁུལ་གྱི་ས་གནས་མཚོ་ལོ་ཡི་འབྲོག་པ་ཡོད་སར་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་རེད་འདུག