པཊ་ནཱར་མར་མེའི་ཁྲོམ་སྐོར།

བོད་མི་མང་སྤྱི་འཐུས་ཀྱི་བྱང་ཕྱོགས་ཞུ་གཏུག་ལས་འགུལ་ཚོགས་ཆུང་དང་། ས་གནས་ཧིན་བོད་འབྲེལ་མཐུད་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག ཁ་སང་ཚེས་༡༧ཉིན་གྱི་དགོང་དྲོ་ པཊ་ནཱ་ ཁུལ་དུ་མར་མེ་ཁྲོམ་སྐོར་གནང་འདུག

2013.01.18

༄༅།    །ཐེངས་འདིའི་མར་མེའི་ཁྲོམ་སྐོར་དུ་རྒྱ་གར་བ་དང་ས་གནས་ཚོང་པ་བཅས་མི་གྲངས་༧༠ལྷག་ནས་མཉམ་ཞུགས་གནང་ཡོད་པ་དང་།  ཁྲོམ་སྐོར་གྱི་མཇུག་ཏུ་    བི་ཧར་ ཧིན་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་བྷན་དར་མཆོག་གིས་ལས་འགུལ་ངོ་སྤྲོད་གནང་ཡོད་ཅིང་། མར་མེའི་ཁྲོམ་སྐོར་གྱི་དགོས་དོན་དང་དམིགས་ཡུལ་ནི། སྤྱིར་འཛམ་གླིང་ལ་ཞི་བདེ་ཡོང་བ་དང་།  ཡང་སྒོས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད་དུ་ཡིན་པ་སོགས་གསུང་བཤད་གནང་འདུག  དེ་ཉིན་སྔ་དྲོ་ཆུ་ཚོད་༡༠པའི་ཐོག་རྒྱ་གར་གྱི་གསར་འགོད་པ་རྒན་གྲས་ཀྱིས་བོད་དོན་སྐོར་ལ་བགྲོ་གླེང་ཞིག་གནང་འདུག་པ་དང་།  ཉིན་གུང་ཚོུད་༡༢དང་ཕྱེད་ཀའི་ཐོག  བོད་དོན་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་ཀྱང་སྐོང་ཚོགས་གནང་ནས་ གསར་འགོད་པ་རྣམས་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།   རྒྱ་གར་བྱང་ཕྱོགས་ཁུལ་དུ་ཕེབས་པའི་ཞུ་གཏུག་ལས་འགུལ་བ་རྣམས་ཀྱིས་རྒྱལ་ས་པཊ་ནཱར་ རྒྱ་གར་གྱི་དཔོན་རིགས་ཁག་ལ་མུ་མཐུད་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎