རྒྱ་གར་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་པ་འཕོ་འགྱུར།
2013.01.18
༄༅། །དགུང་གྲངས་ ༥༧ ལ་སླེབས་པའི་ཝི་ཝི་ཁྲིམས་ཐོག་སློབ་ཐོན་གྱི་ལག་འཁྱེར་ཡོད་མཁན་ཞིག་དང་། ཕྱི་ལོ་ ༢༠༡༠ བར་ཁོང་རྒྱ་ནག་གི་ སིང་སྒ་པུར་ཡུལ་ནང་གི་གཞུང་ཚབ་པ་གནང་ཡོད་པ་རེད། ཁོང་ཨཕརི་ཀའི་གླིང་ཆེན་ནང་རྒྱ་ནག་གི་ཕྱི་འབྲེལ་གྱི་ལས་བྱེད་ཡུན་རིང་གནང་མྱོང་ཡོད་མཁན་ཞིག་ཡིན་ཞིང་། ཁོང་ཨཕ་རི་ཀའི་ཡུལ་གྲུ་ Brunei ནང་གཞུང་ཚབ་པ་གནང་མྱོང་ཡོད་པ་དང་གླིང་ཆེན་དེའི་ Ethiopia དང་ Kenya / Zambia བཅས་པའི་ཡུལ་ཁག་ནང་ཕྱི་འབྲེལ་གྱི་ལས་བྱེད་གནང་མྱོང་ཡོད་འདུག ཁོང་རྒྱ་གར་ནང་གི་རྒྱ་ནག་གི་གཞུང་ཚབ་པའི་ལས་འགན་འགོ་འཛུགས་དེ་ཉེ་ལམ་རྒྱ་ནག་ནང་མི་ཐོག་ལྔ་པ་ཞེས་པའི་འགོ་འཁྲིད་འཕོ་འགྱུར་གྱི་དུས་སྐབས་དང་མཉམ་འཁེལ་བྱུང་ཡོད་པ་རེད། རྒྱ་ནག་གི་གུང་ཁྲན་ཏང་གི་དྲུང་ཆེ་གསར་པ་ཤི་ཇིན་པིང་ཡིས་རྒྱ་གར་གྱི་སྲིད་བློན་ Manmohan Singh མཆོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་། རྒྱ་ནག་དང་རྒྱ་གར་གྱི་ཡུལ་གཉིས་ཀྱི་འབྲེལ་བའི་གནད་དོན་དེ་གལ་ཆེར་ངོས་འཛིན་གནང་གི་ཡོད་པས་མ་ཟད། ཡུལ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་དེས་ཕྱོགས་གཉིས་ཀར་གང་ཅིའི་ཕན་ཐོགས་བྱུང་སྐོར་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད། བདུན་འདིའི་ནང་ཡུལ་གྲུ་གཉིས་ཀྱི་བདེ་སྲུང་ཀྱི་གྲོས་མོལ་ཐེངས་ལྔ་པའི་ཐོག ཡུལ་གཉིས་ཀྱི་ཐུ་མོང་གི་དམག་སྦྱོང་དེ་བསྐྱར་གསོ་དང་འབྲེལ་དམག་སྦྱོང་དེ་ས་མཚོ་གནམ་དམག་ཐོག་རྒྱ་བསྐྱེད་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། ཡུལ་གཉིས་དབར་གྱི་བདེ་སྲུང་ཐོག་འབྲེལ་ལམ་དེར་དེ་སྔོན་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་དམག་སྤྱི་ཞིག་ལ་ཝི་ས་ཐོངས་མཆན་མ་གནང་བའི་གནས་ཚུལ་ཞིག་བྱུང་བའི་རྐྱེན་གྱིས་ལོ་ངོ་གཅིག་ཙམ་རིང་འབྲེལ་ལམ་དེ་ཆད་ཡོད་འདུག རྒྱ་གར་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་རྙིང་པ་ཀྲང་ཡན་རྒྱ་གར་ནང་ལས་ཡུན་ལོ་ངོ་ ༤ གནང་རྗེས་ཁོང་རྒྱ་ནག་གི་ཨེ་ཤི་ཡའི་དང་ཡོ་རོབ་དགེ་རྩ་ཞེས་པའི་ཚོགས་པ་དེའི་འགན་འཛིན་ཐེངས་དྲུག་པར་བསྐོ་བཞག་བྱས་ཡོད་པའི་གནས་ཚུལ་ཐོན་བཞག།