ལྷུན་གྲུབ་རྫོང་ཁོངས་སུ་གཏེར་ཁ་སྔོག་འདོན།

རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ལྷ་ས་ལྷུན་གྲུབ་རྫོང་མཁར་རྩེ་ཤང་། མདུང་གྲོང་མཚོའི་འབྲོག་ཁུལ་གྱི་ས་གནས་མཚོ་ལོ་ཡི་འབྲོག་པ་ཡོད་སར་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་རེད་འདུག

2013.01.17

༄༅།    །རྒྱ་གཞུང་གི་བྱ་སྤྱོད་ཀྱི་རྐྱེན་པས།    རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཕོག་གི་ཡོད་པར་བརྟེན་ས་གནས་མང་ཚོགས་རོང་འབྲོག་གཉིས་ཀར་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་པ་རེད།  ཡུལ་དེར་སྤྱི་ལོ་༢༠༠༥ལོར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འགོ་འཛུགས་བྱས་ཡོད་པ་དང་། དེ་ལ་བརྟེན་ལྷུན་ གྲུབ་རྫོང་མཁར་རྩེ་ཤང་གི་ས་གནས་ཡུལ་མི་འབྲོག་པ་རྣམས་སྟོན་ཁར་ཕྱུགས་འཚོ་ སྐྱོང་བྱེད་སར་གཏེར་ཁ་སྔོག་གདོན་གྱི་བཟོ་གྲྭ་བཙུགས་སྟེ་ས་གནས་མང་ཚོགས་རྣམས་ གང་སར་བཙན་གྱིས་གནས་སྤོར་བྱེད་བཅུག་པ་དང་། ས་གནས་ཡུལ་མིས་གསལ་བོ་ཤེས་རྟོགས་བྱུང་བ་ལྟར་ན་༢༠༠༦ལོར་གཏེར་ཁ་བཟོ་གྲྭའི་ཁང་པ་སྔོན་པོ་ཞིག་གསར་རྒྱག་གིས་ཉིན་རེར་གཏེར་རྫས་སྐྱེལ་འདྲེན་རླངས་འཁོར་ཆེ་བ་༡༠་རེ་ཉུང་མཐར་བོར་འདྲེན་བྱེད་བཞིན་ཡོད་འདུག མོ་ལོ་མང་པོ་ཕྱིན་ཀྱང་ས་གནས་བོད་མིའི་དཀའ་ངལ་མུ་མཐུད་གནས་ཡོད། མ་ཟད་ཡུལ་མིའི་དཀའ་ངལ་ཐོག་ས་གནས་དེར་གཏེར་ཁ་སྔོག་འདོན་དང་གཏེར་རྫས་བཟོ་གྲྭ་བཙུགས་ནས་བཟུང་ས་གནས་ཀྱི་ཤིང་ནགས་རིགས་དང་། སྤང་རི། འཐུང་ཆུ་སོགས་ལ་མི་རྒྱུ་གཉིས་དང་། རང་བྱུང་ཁོར་ཡུག་བཅས་བར་གནོད་སྐྱོན་ཚབས་ཆེ་ཡོང་གི་ཡོད་པ་རེད།


ད་དུང་ཁ་རླུང་འབག་བཙོག་ཆགས་པ་དང་། གཏེར་རྫས་སྙིགས་ རོ་རྣམས་ཡུལ་དེའི་སུམ་མདོ་ཡི་རྒྱུགས་ཆུའི་ནང་བཞུར་པའི་རྐྱེན་ཀྱིས་དེ་གའི་ འབྲོག་སར་རྩྭ་ཡག་པོ་མི་སྐྱེ་བ་དང་འབྲོག་པའི་ཕྱུགས་ཟོག་མང་པོ་ཤི་འགྲོ་པས་ གནས་ཚུལ་བྱུང་བ་དང་། གཏེར་ཁ་སྔོག་འདོན་བྱེད་ས་ནས་སྤྱི་ལེ་དྲུག་བདུན་ཙམ་གྱི་སར་ཡོད་པའི་རོང་པ་ རྣམས་ཀྱི་ཞིང་ཁ་མ་སྐྱེ་བར་དཀའ་ངལ་མང་དག་འཕྲད་ཀྱིན་ཡོད་པར་བརྟེན། ས་གནས་ཡུལ་མིས་ཚོས་ཉེ་བའི་ལོ་ཤས་ནང་ཡིག་ངག་གཉིས་ཐོག་ས་གནས་གཞུང་དང་། གོང་རིམ་ལ་རེ་སྐུལ་སྙན་ཞུ་ཕུལ་བ་དང་། ཞུ་གཏུགས་གང་ཐུབ་བྱས་ཀྱང་རྒྱ་གཞུང་གིས་རེ་འདུན་ལ་བསམ་ཤེས་དང་ཉན་འཇོག་མ་བྱས་བའི་ཐོག། ཞུ་གཏུགས་མཁན་སོགས་ཆབ་སྲིད་ཀྱི་ངོ་བོར་ངོས་འཛིན་གནང་རྒྱུར་འཇིགས་སྣང་གིས་མི་མང་རྣམས་ཅི་བྱ་རྟོལ་མེད་དུ་གྱུར་འདུག
དེ་བཞིན་གཏེར་ཁ་སྔོག་ཁུལ་ལ་བོད་མི་གང་བྱུང་ཡོང་མི་འཇུག་པ་སོགས་དམ་དྲག་བྱེད་བཞིན་པ་དང་། ལོ་མང་སོང་ཡང་ས་གནས་བོད་མི་ཚོས་ཁུལ་དེར་གསེར་དཀར་པོའི་གཏེར་རྫས་སྔོག་གི་ཡོད་པ་གོ་ཐོས་ཙམ་ལས་གཏེར་རྫས་ཅི་ཞིག་ཡིན་པ་ཡུལ་མི་ནས་གསལ་རྟོགས་ཐུབ་མེད་པ་དང་། ལས་བཟོ་བ་རྣམས་རྒྱ་ནག་གི་ས་ཁུལ་ཁག་ནས་ཡོང་བ་ཡིན་པར་། ལས་མི་ཆིག་ཁྲི་མ་ཟིན་ཙམ་ཡོད་པའི་ནང་གླ་བ་བོད་མི་གསུམ་ལས་ཚང་མ་རྒྱ་རིགས་ཡིན་འདུག
ད་དུང་རི་ལུང་དེའི་ལུང་བ་ཕུག་གི་ཡུལ་མི་སྡོད་སར་ཡང་གཏེར་ཁ་སྔོག་འདོན་བྱ་འཆར་ གྱི་ལས་འཆར་རྟིང་ཡོད་པས་ས་གནས་མང་ཚོགས་ཀྱི་འཚོ་བ་རོལ་རྒྱུར་དཀའ་ངལ་ཡོང་བར་ དངངས་འཚབ་སྐྱེས་བཞིན་ཡོད་འདུག གཏེར་ཁ་སྔོག་དུས་ནི་ལོ་རེར་ཕྱི་ཟླ་༣པ་ནས་འགོ་འཛུགས་ཀྱིས་གཏེར་ཁ་ཤུགས་ཆེན་ རྙེད་སོན་གྱིས་སྔོག་འདོན་བྱེད་བཞིན་ཡོད་པ་དང་དགུན་དུས་སུ་གནམ་གཤིས་གྲང་བའི་སྐབས་ཟླ་ཤས་རིང་ལས་འཚམས་འཇོག་གི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎