བོད་དོན་སྐོར་བསྒྲགས་གཏམ་ཤིག་སྤེལ་གནང་འདུག

བསྒྲགས་གཏམ་དེའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་བ་ཚོས་བཤད་པ་དེ་དངོས་འབྲེལ་ཡིན་པ་དང་། བོད་ཀྱི་དཀའ་ངལ་དེ་ནི་བོད་པ་གཅིག་བུའི་གནད་དོན་ཞིག་མིན་པར་རྒྱ་གར་གྱི་དཀའ་ངལ་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་འདུག

2013.01.19

༄༅།    །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཞུ་གཏུག་ཚོགས་ཆུང་གིས་Bihar མངའ་སྡེའི་ནང་ཞུ་གཏུག་ལས་འགུལ་སྤེལ་བཞིན་པ་ལྟར་ཕྱི་ཚེས་ ༡༨ ཉིན་ (Lokjan shakti party)ཡི་ཚོགས་གཙོ་དང་། རྒྱལ་ཡོངས་གྲོས་ཚོགས་འཐུས་མི་(Ramvillas paswan) མཆོག་ལ་བོད་དོན་ཞུ་གཏུག་གནང་སྐབས།  ཁོང་གིས་ གསར་འགོད་པ་ཉི་ཤུ་ལྷག་གི་འདུ་འཛོམས་སར་བོད་དོན་སྐོར་བསྒྲགས་གཏམ་ཤིག་སྤེལ་གནང་འདུག ཁོང་གིས་གསུང་ན། བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ངའི་རྩར་སླེབས་སྟེ། ཁོང་ཚོས་བོད་ནང་གི་ཛ་དྲག་དཀའ་ངལ་སྐོར་བཤད་བྱུང་། ཁོང་ཚོས་བཤད་པ་དེ་དངོས་འབྲེལ་རེད། བོད་ཀྱི་དཀའ་ངལ་དེ་ནི།    བོད་པ་གཅིག་བུའི་གནད་དོན་ཞིག་མིན་པར་རྒྱ་གར་གྱི་དཀའ་ངལ་དང་འབྲེལ་བ་ཡོད་པ་ཞིག་རེད། ང་ཚོའི་ཚོགས་པ་དང་། རྒྱ་གར་གཞུང་མང་གིས་སྔོན་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད། ད་རེས་ཀྱི་ཞུ་དོན་ཁག་ཕྱི་ཟླ་གཉིས་པར་རྒྱ་གར་གྱི་གྲོས་ཚོགས་ནང་གླེང་སློང་དང་བོད་དོན་གྲོས་ཆོད་འཇོག་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན། དེ་བཞིན་རྒྱ་གར་སྲིད་བློན་མཆོག་ལ་བོད་ཀྱི་ཛ་དྲག་དཀའ་ངལ་ཐོག་དམིགས་བསལ་ཐུགས་ཁུར་བཞེས་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན་ཞེས་གསུང་འདུག དེ་བཞིན་Ram Villas Paswan ཡིས་ཕྱི་ཟླ་༢པའི་ཚེས་ ༢ ཉིན་ཁོང་ལྡི་ལིར་ཕེབས་ཀྱི་འདུག་པས་སྐབས་དེར་སྤྱི་འཐུས་རྣམ་པ་ཚོ་དང་བསྐྱར་ཏུ་མཇལ་འཕྲད་གནང་རྒྱུའི་དུས་ཚོད་བཟོས་གནང་འདུག།


དེ་བཞིན་སྤྱི་འཐུས་རྣམ་པ་ཚོས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཡག་པོ་བྱུང་ཡོད་པའི་སྐོར། བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་གནས་ཚུལ་བཏང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎