སེམས་དང་སྲོག་གི་བགྲོ་གླེང་ཐེངས་༢༦པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་༢༦དེ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་དགོན་པར་སྐོང་ཚོགས་གནང་བཞིན་ཡོད་པ་རེད།

2013.01.18

༄༅།    ཟླ་བ་འདིའི་ཚེས་༡༧ཉིན་༧གོང་ས་མཆོག་གི་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༢༦པ་དེ་དབུ་འཛུགས་གནང་ཡོད་པ་དང་།    ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན།    འགོ་སྟོད་དུ་ཚན་རིག་པ་དང་ལྷན་དུ་འབྲེལ་བ་བྱས་ན་ཡག་པོ་མེད་སྐོར་ཕྱི་རྒྱལ་གྱི་མིས་ཀྱང་ངོས་ལ་བཤད་བྱུང་། འོན་ཀྱང་ངོས་ཀྱིས།    དགེ་སློང་བདག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བ་བྱ་ཡི་གུས་ཕྱིར་མིན། །    ཞེས་པ་དེར་བསམ་བློ་གཏོང་གི་ཡོད། ཚན་རིག་པས་བདེན་དོན་འཚོལ་གྱི་ཡོད་པ་རེད་ལ།    སངས་རྒྱས་པའི་ཆོས་ཀྱིས་ཀྱང་བདེན་དོན་འཚོལ་གྱི་ཡོད། ངོས་ཀྱིས་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་གཉིས་ཡོད། དང་པོ་ནི། ནང་ཆོས་དང་ཚན་རིག་ཕྱོགས་གཉིས་ཀའི་ཤེས་ཚད་གོང་སྤེལ་གཏོང་རྒྱུ་ཙམ་མ་ཟད། ཕྱོགས་གཉིས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་དོན་ཐོག་ནས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན། གཉིས་པ་ནི། རྫས་ཀྱི་རྣམ་གཞག་དེ་དག་ལ་སློབ་སྦྱོང་བྱས་འབྲས་སུ་དཔེར་ན། སྨན་ལ་ཆ་བཞག་ན། བརྟག་དཔྱད་རིམ་པ་བྱས་པའི་མཐར་ལུས་པོར་ཕན་ཐོགས་ཡོད་པ་དེ་དག་ཚུར་དང་དུ་བླངས་ཏེ་གོང་འཕེལ་རྒྱ་ཆེར་སྤེལ་དགོས་པ་དང་། གནོད་པའི་རིགས་ཉུང་དུ་བཏང་ནས་སྔོན་འགོག་གི་ཐབས་ཤེས་བྱ་རྒྱུ་དེ་རྫས་ཀྱི་ནུས་པར་ཤེས་པའི་སྒོ་ནས་རིམ་པ་གཉིས་པ་དེ་བླང་དོར་ཐོག་སླེབས་ཀྱི་ཡོད་པ་སོགས་ཞིབ་ཕྲའི་བཀའ་སློབ་བསྩལ་གནང་ཡོད་པ་རེད།།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎