ཨ་རིས་ཐེ་ཝན་ལ་མ་གནས་ཨ་སྒོར་ས་ཡ་༤༢༨ཀྱི་དམག་དོན་ཡོ་ཆས་བཙོང་རྒྱུ་བསྒྲགས་འདུག

2022.12.07
ཨ་རིས་ཐེ་ཝན་ལ་མ་གནས་ཨ་སྒོར་ས་ཡ་༤༢༨ཀྱི་དམག་དོན་ཡོ་ཆས་བཙོང་རྒྱུ་བསྒྲགས་འདུག ཐེ་ཝན་དང་ཨ་རིའི་རྒྱལ་དར།
REUTERS

རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་སྲུང་ལས་ཁང་(Pentagon)་གིས་གསར་འགོད་བསྒྲགས་གཏམ་རིམ་པ་གཉིས་སྤེལ་བའི་ནང་། ཨ་རིའི་གཞུང་གིས་ཐེ་ཝན་གྱི་(F-16)་རྟགས་ཅན་གྱི་གནམ་དམག་གནམ་གྲུ་དང་། དེ་བཞིན་ཐེ་ཝན་རང་ངོས་ནས་བཟོས་པའི་གནམ་དམག་གནམ་གྲུ་དང་མ་ལག་བཅས་པར་རོགས་འདེགས་ཞུ་ཆེད། ཨ་རིས་ཐེ་ཝན་ལ་མཁའ་དམག་གནམ་གྲུའི་ཡོ་ཆས་ཁ་སྣོན་མ་གནས་ཨ་སྒོར་ས་ཡ་༤༢༨ཀྱི་གནམ་དམག་གནམ་གྲུ་དང་འཕྲུལ་ཆས་ཚོང་འགྲེམས་གནང་རྒྱུ་ཡིན་པ་གསལ་འདུག
མཁའ་དམག་གནམ་གྲུའི་མ་ལག་ཡོ་ཆས་དེ་དག་ལ་ཐེ་ཝན་མཚོ་གླིང་རྒྱལ་ཁབ་ཀྱི་མཁའ་དབྱིངས་སུ་ཕྱི་ཕྱོགས་ཀྱི་དཔུང་འཛུལ་ལ་འཕྲལ་ཕུགས་གཉིས་ཀྱི་ཐོག་ནས་གདོང་ལེན་ཁ་གཏད་གཅོག་ཐུབ་པའི་ནུས་པ་ལྡན་ཡོད་པ་འགྲེལ་བརྗོད་བྱས་འདུག ཐེ་ཝན་གྱི་བདེ་སྲུང་ལས་ཁུངས་ནས་ཨ་རིས་ཐེ་ཝན་ལ་གནམ་དམག་གནམ་གྲུའི་ཡོ་ཆས་ཚོང་འགྲེམས་གནང་རྒྱུའི་ཐག་གཅོད་ལ་དགའ་བསུ་ཞུས་འདུག་པ་དང་སྦྲགས། ཡོ་ཆས་དེ་དག་ཟླ་བ་གཅིག་ནང་མཁོ་སྒྲུབ་ཐུབ་རྒྱུ་ཡིན་པ་མ་ཟད། ཉེ་བའི་དུས་སུ་ཐེ་ཝན་མཚོ་འགག་གི་མཁའ་དབྱིངས་སུ་རྒྱ་ནག་གི་གནམ་དམག་གནམ་གྲུས་བསྐོར་གཡེང་ལ་སོགས་བྱས་ནས་སྡིགས་ར་སྐུལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པར་བརྟེན། དེ་དག་ལ་གདོང་ལེན་ཁ་གཏད་གཅོག་རྒྱུ་ཕན་ཐོག་ཆེན་པོ་ཡོད་པ་བརྗོད་འདུག
གནས་ཚུལ་ནང་གསལ་བར། འདི་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་ལགས་ཐེ་ཝན་དུ་གཞུང་དོན་འཚམས་གཟིགས་གནང་པ་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་ས་ཐིག་བརྒལ་ནས་གནམ་དམག་གནམ་གྲུ་ཤར་གཏོང་དང་། ཐེ་ཝན་གྱི་ཉེ་འཁྲིས་སུ་མཚོ་དམག་གྲུ་གཟིངས་དཔུང་འཇོག་ལ་སོགས་པའི་སྡིགས་ར་རིམ་པ་སྐུལ་བཞིན་པའི་སྐབས། ཨ་རི་གཞུང་གིས་རྒྱ་ནག་གིས་དགག་པ་བྱེད་མིན་ལ་མ་བལྟོས་པར་ཐེ་ཝན་སྲུང་སྐྱོབ་ཆེད་དམག་དོན་གྱི་མཐུན་འགྱུར་རྒྱ་ཆེར་གཏོང་བཞིན་ཡོད་པ་བཅས་གནས་ཚུལ་ནང་གསལ་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎