ཨ་རིས་ཐེ་ཝན་ལ་གོ་མཚོན་མཁོ་འདོན་བྱེད་འཆར་དེ་ཉེན་ཁ་ཅན་ཡིན་ཚུལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག

2023.08.01
ཨ་རིས་ཐེ་ཝན་ལ་གོ་མཚོན་མཁོ་འདོན་བྱེད་འཆར་དེ་ཉེན་ཁ་ཅན་ཡིན་ཚུལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག ཐེ་ཝན་གྱི་དམག་གི་དམག་སྦྱོང་ཞིག་གི་སྐབས། ༢༠༡༨
REUTERS

དེ་ཡང་ཨ་མི་རི་ཀས་མ་རྩ་ཨ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་ལྔའི་རིན་གོང་གི་གོ་མཚོན་ཐེ་ཝན་ལ་མཁོ་འདོན་བྱེད་རྒྱུའི་འཆར་གཞི་ཞིག་ཉེ་ལམ་བསྒྲགས་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱིས་ཨ་སྒོར་ཐེར་འབུམ་གཅིག་གི་གོ་མཚོན་ཐེ་ཝན་ལ་མཁོ་སྤྲོད་བྱེད་ཆོག་པའི་ཆོག་མཆན་གནང་ཡོད་པ་རེད། དེ་ནི་༢༠༢༣ལོའི་སྔོན་རྩིས་ཀྱི་ཆ་ཤས་ཡིན་པ་རེད།
དེའི་ཐད་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཐན་ཁི་ཧྥི་ཡིས་ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་མཁོ་འདོན་བྱེད་བཞིན་པའི་ལས་གཞི་དེ་ངེས་པར་དུ་མཚམས་འཇོག་དགོས། ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་ཁེ་ཕན་གཙོ་བོ་དེ་ཡིན། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་བར་བརྒལ་མི་ཆོག་པའི་ས་ཐིག་དམར་པོ་དེའང་ཡིན། དེ་བས་ཨ་རིའི་ཐག་གཅོད་དེ་ནི་ནོར་འཁྲུལ་དང་ཉེན་ཁ་ཅན་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
པེ་ཅིང་གཞུང་གིས་དམངས་གཙོའི་ལམ་ལུགས་ལྡན་པའི་ཐེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་ལུགས་དང་། ཨ་རི་དང་ཐེ་ཝན་བར་གཞུང་ཕྱོགས་ཀྱི་འབྲེལ་བ་གཅིག་ཀྱང་བྱས་མི་ཆོག་ཅེས་ཡང་ནས་ཡང་དུ་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ནའང་ཐེ་ཝན་གཞུང་གིས་ཐེ་ཝན་གྱི་བདག་པོ་ཐེ་ཝན་ཡིན་རྒྱ་ནག་པེ་ཅིང་མིན། ཐེ་ཝན་མི་དམངས་ཁོ་ནས་ཐེ་ཝན་གྱི་མ་འོངས་པ་ཐག་གཅོད་ཆོག་ཅེས་བཤད་བཞིན་ཡོད།
ཨ་མི་རི་ཀ་དང་ཐེ་ཝན་བར་གཞུང་འབྲེལ་ཕྱི་འབྲེལ་མེད་མོད། ཨ་རི་ནི་ཐེ་ཝན་ལ་གོ་མཚོན་མཁོ་འདོན་བྱེད་མཁན་རྒྱལ་ཁབ་གཙོ་བོ་དེ་ཡིན། ཨ་རིས་ཐེ་ཝན་ལ་གོ་མཚོན་སྤྲད་པར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཡོད་མོད། ཐེ་ཝན་སྲུང་སྐྱོབ་བྱེད་རྒྱུར་ཨ་རིར་མཚོན་ན་ཁྲིམས་ཐོག་གི་འོས་འགན་ཡོདཔ་རེད།
ཉེ་ལམ་རྒྱ་ནག་དམག་དཔུང་གིས་ཐེ་ཝན་གླིང་ཕྲན་གྱི་ལྷོ་ཁུལ་དུ་དམག་གི་གནམ་གྲུ་དང་མི་མེད་གནམ་གྲུ་སོགས་བཏང་ནས་སྟོབས་ཤུག་ངོམ་བཞིན་ཡོད་ཚུལ་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་གསལ་བསྒྲགས་སྤེལ་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎