ཐེ་ཝན་ནང་རྟེན་གཞི་བྱས་པའི་དཔེ་སྐྲུན་པ་ལི་ཡན་ཧེ་ལ་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་འདུག

2025.03.18
ཐེ་ཝན་ནང་རྟེན་གཞི་བྱས་པའི་དཔེ་སྐྲུན་པ་ལི་ཡན་ཧེ་ལ་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་འདུག ཐེ་ཝན་དུ་རྟེན་གཞི་བྱས་པའི་དཔེ་སྐྲུན་པ་ལི་ཡན་ཧེ་ (Li Yanhe)
FB @Li Yanhe

དེ་ཡང་ཐེ་ཝན་དུ་རྟེན་གཞི་བྱས་པའི་དཔེ་སྐྲུན་པ་ལི་ཡན་ཧེ་ (Li Yanhe) རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས་འདི་ཚེས་ ༡༨ རེས་གཟའ་མིག་དམར་ཉིན་རྒྱ་ནག་ཧྲང་ཧེ་ (Shanghai ) རུ་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་པ་རྒྱ་ནག་གཞུང་གིས་བསྒྲགས་འདུག་ལ་ཐེ་ཝན་ཕྱོགས་ནས་ཁྲིམས་ཞིབ་དེ་གསང་སྟབས་ཀྱིས་འཚོགས་ཡོད་ཚུལ་བཤད་འདུག
ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གི་ཐེ་ཝན་ལས་དོན་ཁང་ (TAO) གིས་ལི་ཡན་ཧེ་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཡིན་པའི་ཉེས་འཛུགས་བྱས་པ་དང་འབྲེལ། ཁྲིམས་ལུགས་དང་མི་མཐུན་པའི་ཁྲིམས་ཞིབ་བྱས་ཡོད་པ་མ་ཟད། སྤྱི་ཟླ་ ༢ ཚེས་ ༡༧ ཉིན་ཁྲིམས་ཁང་གིས་ཐེངས་དང་པོའི་ཐག་གཅོད་ཁྱབ་བསྒྲགས་བྱས་པ་ར་སྤྲོད་བྱས་འདུག
གནས་ཚུལ་ཡོང་ཁུངས་ལྟར་ན། ལི་ཡན་ཧེ་ལ་ཧྲང་ཧེ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཁྲིམས་ཐག་བཅད་ཡོད་པ་དང་། ཐེ་ཝན་གསར་འགྱུར་ལས་ཁང་ལ་མཁོ་སྤྲོད་བྱས་པའི་གསལ་བསྒྲགས་ནང་། རྒྱ་ནག་གི་ཐེ་ཝན་ལས་དོན་ཁང་གིས་ཐག་གཅོད་དམ་ཁྲིམས་ཐག་བཅད་པའི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱས་མི་འདུག


གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎