རྒྱ་ནག་གཞུང་གིས་ཐེ་ཝན་དང་འབྲེལ་ཨ་རིའི་དམག་དོན་ཡོ་ཆས་བཟོ་ཚོང་ལས་ཁང་ལྔ་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་བརྗོད་འདུག

2024.01.08
རྒྱ་ནག་གཞུང་གིས་ཐེ་ཝན་དང་འབྲེལ་ཨ་རིའི་དམག་དོན་ཡོ་ཆས་བཟོ་ཚོང་ལས་ཁང་ལྔ་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་བརྗོད་འདུག རྒྱ་ནག་དང་ཨ་རིའི་རྒྱལ་དར།
REUTERS

དེ་ཡང་འདི་ཚེས་༧རེས་གཟའ་ཉི་མའི་ཉིན། རྒྱ་ནག་གི་ཕྱི་སྲིད་ལས་ཁང་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་ཨ་རིའི་དམག་དོན་བཟོ་ཚོང་ལས་ཁང་ཁག་ལྔ་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་ཡིན་པ་བརྗོད་འདུག་ལ། ཨ་རིའི་ཁེ་གཉེར་བཟོ་ཚོང་ལས་ཁང་དེ་དག་ནི་(BAESystems)་དང་། (Land and Armaments) (Alliant Techsystem Operations) (AeroVironment Viasat) (Data Link Solutions)་བཅས་ཡིན་པ་དང་། ད་དུང་རྒྱ་ནག་གཞུང་གིས་ཨ་རིའི་ཁེ་གཉེར་བཟོ་ཚོང་ལས་ཁང་དེ་དག་གི་རྒྱུ་དངོས་ཁག་བེད་སྤྱོད་བྱེད་རྒྱུ་མེད་པ་བཟོ་རྒྱུ་མ་ཟད། རྒྱ་ནག་གི་མི་མང་དང་ཚོགས་པ་ཁག་གིས་ཨ་རིའི་ཁེ་གཉེར་ལས་ཁང་འདི་དག་གི་མཉམ་དུ་ལས་དོན་སྤེལ་རྒྱུར་དམ་དྲག་བཀག་བསྡོམས་བྱ་རྒྱུ་ཡིན་ལུགས་ཀྱང་བརྗོད་འདུག
ད་དུང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་དུས་ཨ་རིས་ཐེ་ཝན་ལ་གོ་མཚོན་ལག་ཆ་ཚོང་འགྱུར་བྱས་པ་དེས་རྒྱ་ནག་གི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་སྣང་ཆུང་ཁྱད་གསོད་བྱས་པ་མ་ཟད། དེ་ཡིས་ཐེ་ཝན་གྱི་མཚོ་ཁའི་ཞི་བདེ་དང་བརྟན་བརླིང་ལ་ཉེན་ཚབས་ཆེན་པོ་བཟོས་ཚུལ་བཤད་འདུག
ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་ལག་ཆ་ཚོང་བསྒྱུར་བྱས་པ་ནི། ཨ་རི་དང་རྒྱ་ནག་གཉིས་བར་མི་མཐུན་རྩོད་རྙོག་ཡོང་གཞིའི་རྒྱུ་རྐྱེན་ཆགས་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་རིའི་དམག་དོན་ཡོ་ཆས་བཟོ་གྲྭ་ཁག་ལྔ་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་དེ་ནི་འདི་ཟླའི་ཚེས་༡༣་ཉིན་ཐེ་ཝན་ནང་ཡུལ་དེའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་འདིར་འཁེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འོས་བསྡུ་དེ་ནི་དམག་དང་ཞི་བདེ་གཉིས་ཀྱི་གདམ་ཀ་ཡིན་ལུགས་ཀྱང་བཤད་ཡོད་པ་རེད། ཟླ་བ་སྔོན་མའི་ནང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་གྱིས་རང་ཉིད་ཀྱི་ཐབས་ཇུས་ཐད་ཀྱི་གནས་ཚུལ་ལམ་ལུགས་རྒྱུན་འཛིན་གནང་ཕྱིར་ཨ་རིས་ཨ་སྒོར་ས་ཡ་༣༠༠་གནས་པའི་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུའི་མཆོག་མཆན་སྤྲད་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎