ལྡི་ལི་ནས་འཛིན་བཟུང་བྱས་བའི་བོད་མི་ལས་འགུལ་བ་རྣམས་གློད་བཀྲོལ་བཏང་འདུག


2018.10.24
ལྡི་ལིར་རྒྱ་ནག་གི་དཔོན་རིགས་སླེབས་སྐབས་བོད་མིས་ངོ་རྒོལ་དང་འཛིན་བཟུང་། 2018/10/23 ལྡི་ལིར་རྒྱ་ནག་གི་དཔོན་རིགས་སླེབས་སྐབས་བོད་མིས་ངོ་རྒོལ་དང་འཛིན་བཟུང་། 2018/10/23
TYC/FB

ལྡི་ལིར་རྒྱ་ནག་གི་དཔོན་རིགས་སླེབས་སྐབས་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་བའི་བོད་མི་ལས་འགུལ་བ་རྣམས་ཉིན་དེར་གློད་བཀྲོལ་བཏང་འདུག
དེ་ཡང་རྒྱ་ནག་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་ཀྲོ་ཁེ་ཀྲི་(Zhao Kezhi) དང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་དེའི་འགོ་ཁྲིད་ཁག་ཅིག་ལྡི་ལིར་ཡོད་སྐབས།  ཚེས་༢༣་ཉིན་རྒྱ་ནག་གཞུང་ཚབ་མདུན་བོད་དོན་ཆེད་ངོ་རྒོལ་སྐད་འབོད་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༣༥་འཛིན་བཟུང་བྱས་པ་རྣམས་ཉིན་དེའི་ཕྱི་དྲོ་གློད་གྲོལ་བཏང་འདུག
ཚེས་༢༣་ཉིན། བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་ས་ལྡི་ལིའི་རི་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༣༥་ཡིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་གསལ་ཁ་བཏོན་གནང་སྟེ་རྒྱ་མི་བོད་ནས་ཕྱིར་ལོག་དགོས་པ་དང་། འཛམ་གླིང་མི་མང་གིས་བོད་ལ་རྒྱབ་སྐྱོར་གནང་དགོས་པ་བོད་རང་བཙན་དགོས། བོད་ལ་རང་དབང་དགོས། བོད་མིར་ཞི་བདེ་དགོས་ཞེས་པ་སོགས་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིར་ངོ་རྒོལ་སྐད་འབོད་གནང་སྐབས་རྒྱ་གར་གྱི་ཉེན་རྟོག་མི་སྣས་འཛིན་བཟུང་གིས་སྣུམ་འཁོར་ནང་བླུགས་ནས་(Chanakyapuri)ཉེན་རྟོག་ལས་ཁུངས་ནང་དུས་ཡུན་ཕྱག་ཚོད་འགའ་ཤས་རིང་བཀག་ཉར་བྱས་པའི་རྗེས་སུ་གློད་གྲོལ་བཏང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎