སྤྱི་འཐུས་ཚོགས་དྲུང་མཆོག་གིས་རྩ་དགོངས་ཞུས་བར་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་གནང་མི་འདུག

2021.06.28
སྤྱི་འཐུས་ཚོགས་དྲུང་མཆོག་གིས་རྩ་དགོངས་ཞུས་བར་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་གནང་མི་འདུག སྤྱི་འཐུས་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས།
tibet.net

སྤྱི་འཐུས་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱིས་ལས་གནས་ནས་རྩ་དགོངས་ཞུས་ཡོད་ཀྱང་སྒྲིག་མཐུན་རྒྱབ་གཉེར་མེད་པར་བརྟེན་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་གནང་མི་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱིས། ཉིན་ཤས་གོང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ནས་རྩ་དགོངས་ཞུས་ཡོད་འདུག་ཀྱང་འདི་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་གི་དགོངས་ཞུའི་རྒྱབ་གཉེར་ཐོག་དྲུང་འཕར་ཚེ་བརྟན་སྐལ་བཟང་ལགས་ནས་རྒྱབ་གཉེར་གནང་ཡོད་པར་སོང་། འཛིན་སྐྱོང་བཀའ་ཤག་དང་ལས་བྱེད་འདེབས་བསྐོ་ལྷན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དོན་ཚན་༥༢་ནང་གསེས་ཀ་པའི་ནང་གསལ། གཏན་འཇགས་ལས་བྱེད་རྩ་དགོངས་ཞུ་དགོས་རིགས་ཉུང་མཐར་ཉིན་གྲངས་༩༠་སྔོན་དགོངས་ཞུའི་སྔོན་བརྡ་སྡེ་ཚན་གང་ཡིན་དེའི་འགན་འཛིན་དང་། འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་གཉེར་དང་སྦྲགས་བཀའ་ཤག་ཏུ་ཕུལ་འབྱོར་ཟིན་པ་དགོས་ཞེས་གསལ་ཡོད་པ་ལྟར་ཚོགས་དྲུང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཛིན་དེ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ཆགས་ཀྱི་ཡིན་པར་སོང་། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་རྒྱབ་གཉེར་དེར་ངོས་ལེན་གནང་མེད་པ་རེད་འདུག
འདི་ཚེས་༡༨་ཉིན་དབུས་འོས་བསྡུའི་འགན་འཛིན་མཆོག་ནས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གསལ་བཤད་གནང་སྐབས། སྐབས་བཅུ་བདུན་པའི་བདམས་ཐོན་བོད་མི་སྤྱི་འཐུས་རྣམ་པའི་དམ་འབུལ་ཁག་གཉིས་ལ་དབྱེས་ཏེ་གནང་བ་དེ་སྒྲིག་མཐུན་བྱུང་མེད་པའི་འགན་ཁུར་ཚོགས་དྲུང་ལས་ཁུངས་ལ་ཡོད་སྐོར་གསལ་སྟོན་གནང་ཡོད་པ་རེད། འདི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཚོགས་དྲུང་གི་དགོངས་ཞུའི་ནང་བོུ་གཟུགས་གཞི་བདེ་པོ་མེད་པའི་དབང་གི་སྨན་བཅོས་ཆེད་དུ་རྩ་དགོངས་ཞུ་གྱི་ཡོད་པ་འཁོད་ཡོད་ཚུལ་འདུག
བཅའ་ཁྲིམས་དོན་ཚན་༦༡་ནང་སྤྱི་འཐུས་ལྷན་ཚོགས་སུ་གཏན་འཇགས་ཚོགས་དྲུང་ལས་ཁུངས་ཤིག་དགོས་པར་སྤྱི་ཁྱབ་དྲུང་ཆེ་གཅིག་དང་ལས་བྱེད་ཇི་དགོས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པས་བཀའ་ཤག་དང་གོ་བསྡུར་གྱིས་ལས་བྱེད་སྒྲིག་སྲོལ་ལྟར་བསྐོ་གཞག་བྱ་རྒྱ་ཞེས་དང་། ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞིའི་དོན་ཚན་བཞི་པའི་ནང་གསལ་ཚོགས་དྲུང་ལས་ཁུངས་ཀྱི་འགན་དབང་ནང་གསེས་༡༦་ཡོད་པའི་ནང་གཙོ་བོ་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཀྱི་ལས་རིམ་དང་འབྲེལ་བའི་བྱེད་སྒོ་ཆེ་ཕྲ་དང་། ཚོགས་གཙོ་རྣམ་གཉིས་ཀྱིས་དུས་ནས་དུས་སུ་བཀོད་བྱུས་ཇི་གནང་གི་ལས་དོན་ཁག་བསྒྲུབ་རྒྱུ་བཅས་ཀྱི་འགན་དབང་ཡོད་ཅེས་གསལ་ཡོད། འོང་ཀྱང་ད་འྟའི་ཆར་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་༢༢་ནས་བཅའ་ཁྲིམས་དོན་ཚན་༤༧་དགོངས་དོན་བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་གནང་བར་སོང་། སྤྱི་འཐུས་ལྷན་ཚོགས་དང་དེའི་ཚོགས་གཙོ་ཚོགས་གཞོན་རྒྱུན་ལས་བཅས་གང་ཡང་མེད་པས་གནས་སྟངས་ཆགས་པར་བརྟེན་ཚོགས་དྲུང་ལས་ཁུངས་ཀྱི་ལས་དོན་ཡང་ད་ལྟའི་ཆར་གང་ཡང་གནང་ཡག་མེད་པ་ལྟ་བུར་འགྱུར་ཡོད་པའི་ཐོག་འཛིན་སྐྱོང་བཀའ་ཤག་གི་བར་བརྒལ་བཀའ་ཁྲོལ་ཞུ་ཡུལ་ཡང་མེད་པའི་དཀའ་ངལ་ནང་གནས་ཡོད། ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི་དོན་ཚན་ལྔ་པའི་ནང་གསལ་ཚོགས་དྲུང་གནས་སྤོས་དང་ཚབ་གསར་སོགས་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་མ་གཏོགས་གནས་སྤོས་མི་ཆོག་པ་དང་། ཚབ་གསར་ཡང་སྤྱི་འཐུས་ཚོགས་གཙོ་མཐོུང་གྱིས་བཀའ་ཤག་ལ་གོ་བསྡུར་ཐོག་ཚབ་གསར་བསྐོ་གཞག་བྱ་རྒྱུ་སོགས་འཁོད་ཡོད་སྟབས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་འོས་འདེམས་མ་བྱུང་བར་ཚོགས་དྲུང་དགོངས་ཞུ་དང་ཚབ་གསར་སོགས་གང་ཡང་གནང་ཐབས་མེད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎