ཤིན་ཅང་དུ་དྲག་ཟིང་བྱུང་ནས་ཉིན་བཅུའི་རྗེས་ཀྱི་གནས་ཚུལ།

ཤིན་ཅང་ཞེས་པའི་ཤར་ཏུར་ཀི་སི་ཐན་ནང་ཟིང་འཁྲུག་བྱུང་ནས་ཉིན་བཅུ་ཕྱིན་ཏེ་ད་ཆ་དམག་མིའི་བལྟ་རྟོགས་ནན་པོའི་འོག་གནས་བཞིན་འདུག

2009.07.15

༄༅༎རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་ཟིང་འཁྲུག་བྱུང་ནས་ཉིན་གྲངས་བཅུ་ཕྱིན་ཏེ་རེས་གཟའ་ལྷག་པ་ཉིན་དམག་མིའི་བལྟ་རྟོགས་ནན་པོའི་འོག་ཟ་ཁང་དང་ཚོང་ཁང་འགའ་ཞིག་འགོ་ཕྱེ་ཐུབ་འདུག

ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཁ་ཆེ་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཟུང་གི་བྱེད་ཕྱོགས་ལ་ནད་མི་ཐེག་པར་མི་མང་བརྒྱ་ཕྲག་མང་པོས་དུས་གཅིག་ཏུ་ལངས་ཏེ་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་བྱུང་མྱོང་མེད་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང་དེའི་ཉིན་རྗེས་མར་རྒྱ་ཧན་མི་རིགས་སྟོང་ཕྲགམང་པོས་ལག་ཏུ་དབྱུགས་པ་དང་གྲི་སོགས་གོ་མཚོན་ཐོག་སྟེ་ཡུ་གུར་མི་རིགས་ལ་རྡུང་རྡེག་བཏང་ཡོད་པ་རེད། གང་ལྟར་གྲངས་མང་རྒྱ་ཧན་མི་རིགས་དང་གྲངས་ཉུང་ཡུ་གུར་མི་རིགས་གཉིས་དབར་གྱི་འཁོན་འཁྲུག་འདིའི་ནང་མི་རྒྱུ་གཉིས་འཕྲོ་བརླག་ཕོན་ཆེ་ཕྱིན་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་གསལ་བསྒྲགས་བགྱིས་པར་གཞིགས་ན་མི་གྲངས་༡༨༤རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་༡༧༨༠ཐམ་པར་རྨས་སྐྱོན་ཕོག་ཡོད་པ་རེད། འོན་ཀྱང་ཕྱི་སྡོད་ཡུ་གུར་མི་རིགས་ཀྱི་ཚོགས་སྡེ་ཁག་གིས་གོང་ཞུས་གྲངས་འབོར་བདེན་པ་མིན་པ་དང་ཡུ་གུར་མི་རིགས་ལྔ་བརྒྱ་བརྒལ་བའི་ཚེ་སྲོག་ཤོར་ཡོད་ལུགས་གསལ་བསྒྲགས་གནང་ཡོད་པ་རེད། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་ཡུ་གུར་མི་རིགས་གཉིས་ཀྱིས་རྒྱ་ཧན་མི་རིགས་ལ་ཆོས་དམག་རྒྱག་དགོས་པའི་སྐུལ་སློང་བྱེད་སྐབས་དམག་མིས་མེ་མདའ་བརྒྱབ་སྟེ་མི་གཉིས་པོ་དེ་བསད་པ་མ་ཟད་གཞན་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་འདུག

རྒྱ་ནག་གཞུང་གིས་ཡུ་གུར་རང་སྐྱོང་ལྗོངས་ནང་ངོ་རྒོལ་བྱུང་བར་དྲག་གནོན་ཚབས་ཆེ་བྱས་པར་རྒྱལ་སྤྱིའི་ནང་སྐྱོན་བརྗོད་དང་རྒྱ་ནག་གཞུང་གི་གཞུང་ཚབ་ལས་ཁང་ཁག་གི་མདུན་ངོ་རྒོལ་ལས་འགུལ་སྔ་རྗེས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎