དབྱིན་ཡུལ་གྱི་གྲོས་ཚོགས་ནང་ས་ཁྱི་བོད་ཀྱི་ལོ་གསར་སྲུང་བརྩི་གནང་འདུག


2018.02.26
དབྱིན་ཡུལ་གྱི་གྲོས་ཚོགས་ནང་ས་ཁྱི་བོད་ཀྱི་ལོ་གསར་སྲུང་བརྩི་གནང་སྐབས། ༢༠༡༨།༢།༢༡ དབྱིན་ཡུལ་གྱི་གྲོས་ཚོགས་ནང་ས་ཁྱི་བོད་ཀྱི་ལོ་གསར་སྲུང་བརྩི་གནང་སྐབས། ༢༠༡༨།༢།༢༡
mailchi.mp

དབྱིན་ཡུལ་གྱི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བས་ཐེངས་དང་པོར་ས་ཁྱི་བོད་ཀྱི་ལོ་གསར་མཛད་སྒོ་གནང་འདུག
དེ་ཡང་དབྱིན་ལན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་བའི་ཐོག་ཕྱི་ཚེས་༢༡་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་དབྱིན་ཇིའི་གྲོས་ཚོགས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་གནང་ཡོད་ཅིང་། གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིས་གོ་བསྒྲིགས་གནང་བའི་ཐོག་ནས་ལོ་གསར་གྱི་གསོལ་སྟོན་མཛད་སྒོ་ཚོགས་པ་དེ་ད་རེས་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག་ཅིང་། སྐབས་དེར་དབྱིན་ལེན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Chris Law)ཡིས་མ་འོངས་པར་ཡང་གྲོས་ཚོགས་ནང་བོད་ཀྱི་ལོ་གསར་སྲུང་རྩིའི་མཛད་སྒོ་དེ་མུ་མཐུད་མཇུག་སྐྱོང་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུང་འདུག
དེ་བཞིན་ཁོང་གིས་གྲོས་ཚོགས་འཐུས་མི་གཞན་ཚོར་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་སུ་འཕྱར་གྲུ་མཉམ་འདེགས་ཀྱི་རྒྱབ་སྐྱོར་ཡོང་བ་རེ་བསྐུལ་གནང་བ་དང་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་སྐོར་ནན་བརྗོད་གནང་འདུག
དབྱིན་ལན་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་ཐུབ་བསྟན་ལགས་ཀྱིས་གསུང་ན།  གྲོས་ཚོགས་ནང་བོད་ཀྱི་ལོ་གསར་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནི་བོད་མིའི་རིག་གཞུང་གི་བརྒྱུད་རིམ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཐོབ་རྒྱུའི་ཆེད་དུ་ཡིན་པ་དང་། ད་རེས་དུས་སྟོན་དེའི་ཐོག་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་འགའ་ཤས་ཤིག་ཕེབས་ཐུབ་པ་བྱུང་ཡོད་པ་མ་ཟད། ཁོང་རྣམ་པས་བོད་ཀྱི་རིག་གཞུང་ལ་གུས་བཀུར་ཧ་ཅང་ཆེན་པོ་གནང་སོང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཞལ་པར་ཐོག་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ཐུབ་བསྟན་ལགས་ཀྱིས་གོང་ཞུས་ལོ་གསར་གྱི་གསོལ་སྟོན་མཛད་སྒོའི་ཐོག་དབྱིན་ལན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། དེ་མིན་དབྱིན་ལན་ནང་ཡོད་པའི་རྒྱབ་ཁབ་གཞན་ཁག་གི་གཞུང་ཚབ་གྱི་སྐུ་ཚབ་མི་སྣ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་གསུངས་ཡོད་པ་རེད།
ལོ་གསར་སྲུང་བརྩིའི་མཛད་རིམ་ནང་རྒྱ་གར་ནས་ཕེབས་པའི་རྒྱུད་སྟོད་གྲ་ཚང་གི་དགེ་འདུན་པ་ཚོས་བོད་ཀྱི་ཐོུང་མ་ཡིན་པའི་རྟ་དབྱངས་ཀྱི་ཐོག་ནས་ཞལ་འདོན་གསུང་འདོན་གནང་ཞིང་།  དབྱིན་ཡུལ་ནང་ཡོད་པའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་འཇམ་དབྱངས་རྡོ་རྗེ་ལགས་དང་། བསྟན་འཛིན་བསམ་འཕེལ་ལགས་རྣམ་གཉིས་ནས་བོད་ཀྱི་རོལ་གཞས་འཁྲབ་སྟོན་སོགས་གནང་འདུག

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎